མཚོ་ནུབ་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་ནས་ལས་ཞུགས་བརྟན་པོ་ཡོང་བར་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ8པའི་ཚེས9ཉིན། མཚོ་ནུབ་ཁུལ་གྱིས་ལས་ཞུགས་བྱ་བའི་འགོ་ཁྲིད་ཚོགས་ཆུང་བསྡུས་ཤིང་། ཁུལ་དཔོན་གཞོན་པ་ཨ་དབྱིན་ཏི་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།

ཚོགས་འདུའི་ཐོག《རྒྱལ་ཡོངས་ཀྱི་ལས་ཞུགས་ལས་གཏོད་ལས་དོན་དང་མཐོ་སློབ་དཀྱུས་མའི་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན》དང་། 《རྒྱལ་ཡོངས་ཀྱིས་ལས་རིགས་རྩལ་ནུས་མཐོར་གཏོང་ལས་སྒོ་བཀོད་སྒྲིག་བྱེད་པའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན》《ཞིང་ཆེན་ཡོངས་ཀྱིས་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་དང་རྩལ་ནུས་མཐོར་གཏོང་བྱ་སྤྱོད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན》བཅས་ཡིག་ཐོག་ནས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། 《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གི〈འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་གལ་ཆེན་དོན་འཁྱོལ་ལ་དངོས་འཛིན་དངོས་སྒྲུབ་ཀྱི་ཕན་འབྲས་མངོན་གསལ་དོད་པའི་ས་ཁུལ་ལ་ལྟ་སྐུལ་ཞིབ་བཤེར་དང་སྐུལ་ལྕག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དང་། ད་རུང་ལས་ཞུགས་འགོ་ཁྲིད་ཚན་ཆུང་འཛུགས་པའི་འབྲེལ་ཡོད་དོན་ཚན་ལ་གནས་ཚུལ་གསལ་བཤད་བྱས། 

ཚོགས་འདུའི་ཐོག་ཁོངས་མིའི་ཚན་པ་ཁག་གིས་ད་ཆའི་དཔལ་འབྱོར་དུས་བབ་ལ་ངོས་འཛིན་གསལ་པོ་བྱེད་པ་དང་། ལས་ཞུགས་བརྟན་པོ་ཡོང་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ། ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་ཆེན་པོ་དང་དུས་ཀྱིས་ང་ལ་མི་སྒུག་པའི་དགོས་གཏུགས་ཀྱི་བསམ་པ་བཅངས་ནས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ་དང་། བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལས་ཞུགས་ལས་དོན་ཇུས་འགོད་དང་སྐུལ་འདེད་གཏོང་བ་དང་། ལས་ཞུགས་ཀྱི་དུས་བབ་ཞིབ་འཇུག་བརྡར་གཅོད་དང་གཙོ་གནད་ཁེ་ལས་དང་གཙོ་གནད་མི་ཚོགས་ཀྱི་ལས་ཤོར་ལྟ་སྐུལ་ཚོད་འཛིན་ལ་ཤུགས་སྣོན་པ། ད་ཡོད་ཀྱི་ལས་གནས་བརྟན་པོ་དང་ལས་བཟོའི་དཔུང་ཁག་ནང་ཞུགས་པ། རོགས་སྐྱོར་སྲིད་ཇུས་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱེད་པ་དང་།རྒྱལ་ཁབ་ཀྱིས་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་གཅིག་སྡུད་ཐོག་བཏོན་པའི་ཕན་ཡོད་གོ་སྐབས་དང་རྒྱལ་ཁབ་ཀྱིས་སྒོར་དུང་ཕྱུར་སྟོང་བཏང་ནས་རྩལ་ནུས་གསོ་སྦྱོང་བྱེད་པའི་ཐོབ་པར་དཀའ་བའི་གོ་སྐབས་དམ་འཛིན་བྱེད་པ། ཆེད་དོན་བྱ་སྤྱོད་ཏན་ཏིག་སྤེལ་བ། ནུས་ཤུགས་ཡོད་རྒུས་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། ཐོན་ལས་བཟོ་པའི་དཔུང་ཁག་གི་རྩལ་ནུས་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་ཆེད་མི་ཤུགས་ཐོན་ཁུངས་ཀྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན།

ལོ་ཙཱ་བ། ཀླུ་མོ།