ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུས་ཀྱིས་མགོ་སྐོར་གཡོ་ཁྲམ་གྱི་བྱ་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་རྒྱ·མཚོ་སྔོན་གསར་འགྱུར་འཕྲིན་སྤེལ་གྱིས་ཞིང་ཆེན་སྨན་བཅོས་འགན་ལེན་ཅུས་ནས་གནས་ཚུལ་སྤེལ་བ་ལྟར་ན། “འགན་འཁྲི་བློ་ལ་བརྟན་པོར་ངེས་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུས་ཀྱིས་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་དང་། ཡུལ་དངོས་ཞིབ་བཤེར། ལྟ་སྐུལ་ཐེར་འདོན་སོགས་ཀྱི་བྱ་ཐབས་སྤྱད་དེ་ཚད་ལྡན་མིན་པའི་སྨན་བཅོས་བྱ་སྤྱོད་དང་དེ་བཞིན་མགོ་སྐོར་གཡོ་ཁྲམ་གྱི་བྱེད་སྤྱོད་སྣ་ཚོགས་བཀག་འགོག་ནུས་ལྡན་བྱས་པ་རེད། 

ཟླ6པའི་ཟླ་མཇུག་བར་ཞིང་ཆེན་ཡོངས་ཀྱི་རིམ་ཁག་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི600ལ་ཡུལ་དངོས་ཞིབ་བཤེར་བྱས་ཤིང་། སྒྲིག་འགལ་ངང་གན་རྒྱ་ལས་འགལ་མཁན275ཡོད་པ་ཤེས་རྟོགས་བྱུང་། ཁ་ཆད་དང་འགལ་བའི་དངུལ་མ་སྤྲད་པ་སྒོར་ཁྲི201.51ཟིན། གནས་གཏན་འཁེལ་གྱི་དུད་ཚང732ལ་ཞིབ་བཤེར་བྱས་ནས་སྒྲིག་འགལ་ངང་ཁ་ཆད་དང་འགལ་བའི་དུད་ཚང133ཡོད་པ་དང་། ཁ་ཆད་དང་འགལ་བའི་དངུལ་མ་སྤྲད་པ་སྒོར་ཁྲི33.09ཡོད་པ་རེད། 2018ལོའི་ཞིང་ཆེན་རིམ་པའི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི35ཡི་སྨན་བཅོས་འགན་བཅོལ་ཐེབས་རྩའི་བསྡོམས་འབོར་ཞིབ་རྩིས་ལས་དོན་ལེགས་སྒྲུབ་བྱས་པ་རེད། བསྡོམས་འབོར་ཚོད་འཛིན་འགྲོ་གྲོན་ཚད་ལས་བརྒལ་བའི་སྨན་བཅོས་སྒྲིག་གཞི13གྱིས་སྨན་བཅོས་འགན་བཅོལ་ཐེབས་རྩ་སྒོར་ཁྲི982.46འགན་ཁུར་བྱས་པ་དང་། བསྡོམས་འབོར་ཚོད་འཛིན་འགྲོ་གྲོན་ལྷག་གྲངས་ཀྱི་སྨན་བཅོས་སྒྲིག་གཞི9ཡིས་སྨན་བཅོས་འགན་བཅོལ་ཐེབས་རྩ་སྒོར་ཁྲི283.83ལ་བྱ་དགའ་སྤྲད་པ། སྨན་བཅོས་སྒྲིག་གཞི13གྱིས་སྒྲིག་འགལ་འགྲོ་གྲོན་སྒོར་ཁྲི10.44འཐེན་པ་བཅས་བྱས་པ་རེད། 

ལོ་ཙཱ་བ།རྟ་མགྲིན་དཔལ།