རྐང་ཚ་རྫོང་གིས་ཚངས་དབྱངས་རྒྱ་མཚོའི་སྙན་ངག་བརྗོད་བྱ་ཡིན་པའི་པར་ལེན་གླེང་སྟེགས་བྱ་འགུལ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་ཆེད། ཟླ8ཚེས7ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ཚངས་དབྱངས་རྒྱ་མཚོའི་སྙན་ངག་བརྗོད་བྱ་ཡིན་པའི་པར་ལེན་བྱ་འགུལ་སྤེལ་བ་རེད། 

ཐེངས་འདིའི་བྱ་འགུལ་ནང་མཚོ་སྔོན་ཞིང་ཆེན་གྱི་རྩོམ་པ་པོ་དང་། སྙན་ངག་པ། པར་ལེན་པ། སྨྱན་སྦྱོར་པ་བཅས་གདན་དྲངས་ནས་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་སོགས་ཀྱི་འབྲེལ་ཡོད་གནད་དོན་གྲོས་བསྡུར་དང་། ཕན་ཚུན་རྒྱུས་ལོན། འཚོལ་ཞིབ་བཅས་བྱས་པ་རེད། དེ་དང་ཆབས་ཅིག་ཉི་ནུབ་དང་། དགོ་བར་པར་ལེན་པ། ཚངས་དབྱངས་རྒྱ་མཚོའི་རིག་གནས་ཐང་ཆེན་དུ་འཚམས་འདྲིར་བསྐྱོད་དེ་སྙན་ངག་ལ་དྲན་གསོ་ཞུ་བ་སོགས་ཀྱི་རྣམ་པ་མཚོན་པའི་བྱ་འགུལ་སྤེལ་ནས་བོད་གྲོང་གི་རང་བྱུང་མཛེས་ལྗོངས་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས། དཔལ་འབྱོར་འཕེལ་རྒྱས། སྐྱེ་ཁམས་ཞི་མཐུན། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་ཡར་ཐོན་བཅས་ཀྱི་རྩོམ་རིག་སྒྱུ་རྩལ་བརྩམས་ཆོས་གསར་རྩོམ་བྱས་པ་རེད། 

ལོ་ཙཱ་བ།རྟ་མགྲིན་དཔལ།