དམག་ཁོངས་ནས་བུད་པའི་རང་ཞིང་གི་འཐབ་མོ་པ་སྐོར་ཞིག་གི་སྤྱི་ཚོགས་འགན་བཅོལ་གྱི་རྗེས་མཐུད་བྱ་བ་ཡོངས་སུ་འགོ་བརྩམས།


མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།ད་ལོའི་ཟླ་དང་པོར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《དམག་ཁོངས་ནས་བུད་པའི་དམག་མིའི་སྤྱི་ཚོགས་འགན་བཅོལ་གནད་དོན་ཐག་གཅོད་བྱ་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ་རེད། 《བསམ་འཆར》ནང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་དམག་ཁོངས་ནས་བུད་པའི་དམག་མི་ཁག་གཅིག་གི་གཞི་རྩའི་རྒན་གསོ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་དཀའ་ངལ་ཐག་གཅོད་ཏན་ཏིག་བྱས་ནས། དམག་ཁོངས་ནས་བུད་པའི་དམག་མིར་ཕན་པ་ཐོབ་པའི་སྲིད་ཇུས་བཟང་པོ་དེ་རང་ཞིང་དུ་དོན་འཁྱོལ་དང་བྱ་བ་བཟང་པོ་ཡག་པོ་བསྒྲུབ་རྒྱུའི་འགན་ལེན་བྱ་ཆེད། ཉེ་ཆར། ཞིང་ཆེན་ཏང་ཨུའི་གཞུང་དོན་ཐིང་དང་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས《མཚོ་སྔོན་ཞིང་ཆེན་གྱིས་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིའི་སྤྱི་ཚོགས་འགན་བཅོལ་གནད་དོན་ཐག་གཅོད་བྱ་རྒྱུའི་ལག་བསྟར་ཇུས་གཞི》པར་འགྲེམས་བྱས་ནས་འབྲེལ་ཡོད་ཚད་གཞི་ཁ་གསལ་བཟོས་ཤིང་། འགན་འཁྲི་ཁག་བགོས་ཞིབ་ཕྲ་བཟོས་པ། བླང་བྱ་ཞིབ་ཕྲ་བཏོན་པ་བཅས་ལས་མཚོ་སྔོན་ཞིང་ཆེན་གྱི་དམག་ཁོངས་ནས་བུད་པའི་དམག་མིའི་སྤྱི་ཚོགས་འགན་བཅོལ་ཁག་གཅིག་གི་རྗེས་མཐུད་བྱ་བ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་མཚོན་ཡོད། 

ད་ཐེངས་ཀྱི་དམག་ཁོངས་ནས་བུད་པའི་དམག་མི་ཁག་གཅིག་གི་སྤྱི་ཚོགས་འགན་བཅོལ་རྗེས་མཐུད་བྱ་བ་ཐད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏང་རྒྱུར་དམ་པོར་དམིགས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར། རྒྱ་ཆེའི་དམག་ཁོངས་ནས་བུད་པའི་དམག་མིའི་ཆེས་དོ་ཁུར་དང་ཆེས་ཐད་ཀར་དང་ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་ཁྲིམས་ལྟར་ཐག་གཅོད་བཅས་བྱས་ཏེ་ཁོང་ཚོ་དམག་ཁོངས་ནས་བུད་རྗེས་རྗེས་འབྲེལ་ཡོད་ཐོབ་ཐང་ལོངས་སྤྱོད་ཐུབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཟིགས་སྐྱོང་དངོས་འབྲེལ་ཚོར་ཐུབ་པ་བཅས་བྱས་ཏེ།སྤྱི་ཚོགས་ཀྱི་བླ་ན་མེད་པའི་མྱོང་ཚོར་ཐུབ་པ་བྱ་རྒྱུ་རེད། གཙོ་བོ་ཐག་གཅོད་བྱས་པ་ནི་སྲིད་གཞུང་གིས་ལས་ཀ་བཀོད་སྒྲིག་བྱེད་པའི་རྣམ་པའི་ཐོག་ནས་དངོས་ཞབས་ལས་ཐོན་པའི་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིའི་ཁྲོད་དུ། དུས་ཐོག་ཏུ་གཞི་རྩའི་རྒན་གསོ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ། འགན་བཅོལ་ནང་ཞུགས་མ་ཐུབ་པའམ་ཡང་ན་འགན་བཅོལ་ནང་ཞུགས་རྗེས་ཁེ་ལས་ཀྱི་གཉེར་སྐྱོང་བྱེད་དཀའ་བ། ལས་ཀ་ཤོར་བ་སོགས་ཀྱིས་རྐྱེན་པས་གྲོན་དངུལ་སྤྲོད་མཚམས་ཆད་པ་སོགས་ཀྱི་གནད་དོན་གནས་ཡོད། 

རྒྱུས་ལོན་བྱུང་བ་ལྟར་ན། ཉེ་དུས་ནས་བཟུང་ཟླ12ཚེས31ཉིན་བར་སྲིད་ཇུས་ཀྱི་འགན་ལེན་ཁྱབ་ཁོངས་དང་མཐུན་པའི་དམག་ཁོངས་ནས་བུད་པའི་དམག་མི་ཡིན་ཕྱིན་འབྲེལ་ཡོད་དཔྱད་ཡིག་ཁྱེར་ནས་དེ་སྔའི་བཀོད་སྒྲིག་འགྲོ་ལུགས་གཉེར་བའི་དེ་མཚུངས་ཀྱི་རིམ་པ་ཡོད་པའི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་བྱ་བ་སྡེ་ཚན་དུ་སྲིད་ཇུས་བློ་འདྲི་དང་འབྲེལ་འགྲོ་ལུགས་གཉེར་རྒྱུའི་རེ་ཞུ་ཕུལ་ཆོག 

ལོ་ཙཱ་བ།རྟ་མགྲིན་དཔལ།