ཞིང་ཆེན་སྲིད་གྲོས་ཀྱིས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆིང་།”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།

མཚོ་སྔོན་གསར་འགྱུར་དྲ་པའི་འཕྲིན། ཟླ8ཚེས9ཉིན། ཞིང་ཆེན་སྲིད་གྲོས་ཀྱིས“ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན”ལ་དམིགས་ནས་བགྲོ་གླེང་བྱས་པ་རེད། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་གིས་ཚོགས་འདུར་འགོ་འཛིན་མཛད་པ་དང་འབྲེལ་གཏམ་བཤད་ཀྱང་གནང་བ་རེད། ཏང་ཙུའུ་ཡི་ཁོངས་མི་ཀྲུའུ་ཞི་གཞོན་པ་མ་ཧའེ་དབྱིན་དང་ཀྲུའུ་ཞི་གཞོན་པ་ཏུའུ་ཏི་ཀྲི་བགྲོ་གླེང་ནང་ཞུགས་པ་རེད། 

ཚོགས་འདུའི་ཐོག་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པ5ཡིས་གཏམ་བཤད་སྤེལ་ནས《ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆིང་།”ཞེས་པའི་བརྗོད་བྱ་གཙོ་བོའི་སློབ་གསོའི་ལྟ་ཞིབ་གནད་དོན་དག་ཐེར་དོན་འཁྱོལ་ཇུས་གཞིར》ཞིབ་འཇུག་བྱས་ནས་གྲོས་འཆམ་བྱུང་བ་རེད། 

ཝང་ཞའོ་ཡུང་གིས་བརྗོད་བྱ་གཙོ་བོའི་སློབ་གསོ་ཡག་པོ་བྱེད་པའི་རིགས་པའི་གཞུང་ལུགས་སློབ་སྦྱོང་རྒྱུན་འཁྱོངས་ལྷོད་མེད་དང་། སློབ་སྦྱོང་གི་ངར་ཤུགས་རྒྱུན་འཁྱོངས། སློབ་སྦྱོང་གི་རྣམ་པ་གསར་དུ་གཏོད་པ། གསུང་བཤད་ལ་གོ་བ་ཏན་ཏིག་ལེན་པ། ལག་བསྟར་དོན་འཁྱོལ་གྱི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་རང་བཞིན་ཆེ་རུ་གཏང་བ་བཅས་བྱས་ནས་བརྗོད་བྱ་གཙོ་བོའི་སློབ་གསོའི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་གཏང་དགོས་ཞེས་ནན་བཤད་གནང་བ་རེད། སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ལས་ཁུངས་ཏང་འཛུགས་སྐྱོང་གི་ལས་དོན་ཁག་ནང་ཁྱབ་པ་བྱས་ཏེ། ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཁྲོད་སྔོན་ལ་སྐྱོད་པ་དང་མིག་དཔེ་བསྟན་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐུགས་བློ་བདེ་པོ་ཡོང་བ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་དཔེ་བཟང་ལས་ཁུངས་འཛུགས་སྐྱོང་བྱེད་དགོས། དམིགས་ཚད་ལ་གཞིགས་ནས་སླར་ཡང་ཞིབ་བཤེར་དང་སླར་ཡང་དབྱེ་ཞིབ་དང་སླར་ཡང་དག་ཐེར་ཡོ་བསྲང་བྱེད་པ་དང་། “གཤིབ་བསྡུར་བཞི”གཅིག་འདོམས་བྱེད་པ། རང་ངོས་གསར་བརྗེ་དང“ཤུགས་རྒྱག་དགོས་པ་གསུམ་དང་མིག་དཔེ་གསུམ”གྱི་བླང་བྱ་གཞིར་བཟུང་། ཕྱོགས་ཡོངས་ནས་ལྟ་ཞིབ་དང་། ཁག་བགོས་དོ་དམ་ཁྱབ་ཁོངས་དང་གནས་སའི་ལས་གནས་ཀྱི་ཧེ་བག་ལེགས་སྒྲིག་གཏིང་ཟབ་བྱེད་པ། ལས་དོན་ལེགས་སུ་གཏོང་བའི་བསམ་ཕྱོགས་དང་བྱ་ཐབས་འཚོལ་བ་བཅས་བྱས་ནས། དག་ཐེར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱ་དགོས་པ་ནན་གྱིས་བསྟན་པ་རེད།

ལོ་ཙཱ་བ།རྟ་མགྲིན་དཔལ།