ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་དྲུག་པས་མཚོ་སྔོན་ལ་མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་སྐོར་གྱི་ཐེར་འདོན་གནད་དོན་ཁག་ཉེར་ལྔ་བ་རྩིས་སྤྲོད་བྱས།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། 2019ལོའི་ཟླ8པའི་ཚེས8ཉིན་གྱི་ཕྱི་དྲོའི་དུས་ཚོད16པར། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་དྲུག་པས་མཚོ་སྔོན་ཞིང་ཆེན་ལ་སྐོར་ཐེངས་ཉེར་ལྔ་བའི་མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་སྐོར་གྱི་ཐེར་འདོན་གནད་དོན35རྩིས་སྤྲོད་བྱས་ཡོད་པ་དང་། དེའི་ཁྲོད་ཟི་ལིང་གྲོང་ཁྱེར་གྱི་ཐེར་འདོན་གནད་དོན23དང་མཚོ་ཤར་གྲོང་ཁྱེར་གྱི་ཐེར་འདོན་གནད་དོན8 མཚོ་ལྷོ་ཁུལ་གྱི་ཐེར་འདོན་གནད་དོན2 མཚོ་བྱང་ཁུལ་གྱི་ཐེར་འདོན་གནད་དོན1 རྨ་ལྷོ་ཁུལ་གྱི་ཐེར་འདོན་གནད་དོན1བཅས་ཡོད་པ་རེད། དེའི་ཁྲོད་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གིས་ཟི་ལིང་གྲོང་ཁྱེར་གྱི་ཐེར་འདོན་གནད་དོན2དང་མཚོ་ཤར་གྲོང་ཁྱེར་གྱི་ཐེར་འདོན་གནད་དོན1 བཅས་ཐེར་འདོན་གནད་དོན3གཙོར་བཟུང་ནས་དོ་སྣང་བྱས།