ཀྲུང་དབྱང་གི་སྣོད་བཅུད་ཁོར་སྲུང་ལྟ་ཞིབ་ཚན་ཆུང་དྲུག་པས་རང་ཞིང་ལ་མང་ཚོགས་ཀྱི་གཏུག་ཡིག32སྤྲད་པ།

2019ལོའི་ཟླ8ཚེས7ཉིན་གྱི་ཆུ་ཚོད16ཐོག ཀྲུང་དབྱང་གི་སྣོད་བཅུད་ཁོར་སྲུང་ལྟ་ཞིབ་ཚན་ཆུང་དྲུག་པས་རང་ཞིང་ལ་མང་ཚོགས་ཀྱི་གཏུག་ཡིག32སྤྲད་བྱུང་ལ། དེའི་ནང་ཟི་ལིང་གྲོང་ཁྱེར་གྱི23དང་། མཚོ་ཤར་གྲོང་ཁྱེར་གྱི5། མཚོ་ནུབ་ཁུལ་གྱི1། མཚོ་ལྷོ་ཁུལ་གྱི2། མཚོ་བྱང་ཁུལ་གྱི1བཅས་ཡོད་ཅིང་། དེ་ལས་ཀྲུང་དབྱང་སྣོད་བཅུད་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་གིས་དོ་སྣང་བྱེད་པའི་གཏུག་ཡིག་གལ་ཆེ5ཡོད་པའི་ནང་ཟི་ལིང་གྲོང་ཁྱེར་གྱི4དང་། མཚོ་ནུབ་ཁུལ་གྱི1བཅས་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།