བརྗིད་ཆགས་ཡིད་འོང་གི་ལོ་ངོ70ལ་འབད་འཐབ་བྱས་པའི་མཚོ་སྔོན་གསར་པ་སྟེ།2019ལོའི་རྒྱལ་ཡོངས་སྨྱན་བྱེད་གཙོ་བོས་མཚོ་སྔོན་ལ་ལྟ་བ་ཞེས་པའི་བཅར་འདྲི་བྱེད་སྒོ་ཆེ་གྲས་དངོས་སུ་མགོ་བརྩམས།

བརྗིད་ཆགས་ཡིད་འོང་གི་ལོ་ངོ70ལ་འབད་འཐབ་བྱས་པའི་མཚོ་སྔོན་གསར་པ་སྟེ།2019ལོའི་རྒྱལ་ཡོངས་སྨྱན་བྱེད་གཙོ་བོས་མཚོ་སྔོན་ལ་ལྟ་བ་ཞེས་པའི་བཅར་འདྲི་བྱེད་སྒོ་ཆེ་གྲས་དངོས་སུ་མགོ་བརྩམས། 

ཟླ8ཚེས9ཉིན་མི་དམངས་དྲ་བས་ཟི་ལིང་ནས་སྤེལ་བའི་འཕྲིན། ཟླ་བརྒྱད་པའི་མཚོ་བོད་མཐོ་སྒང་ནི་ཡིད་འོང་ལྷུན་གྱིས་བརྗིད་ལ། དབྱར་གྲོང་ཟི་ལིང་ནི་ནམ་མཁའ་གཡའ་དག་ཅིང་བསིལ་དྲོད་སྙོམས། ཚེས9ཡི་སྔ་དྲོར། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། མཚོ་སྔོན་ཞིང་ཆེན་དྲ་སྦྲེལ་ཆ་འཕྲིན་གཞུང་སྒྲུབ་ཁང་གཉིས་ཀྱིས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་དྲ་སྦྲེལ་གསར་འགྱུར་ལྟེ་གནས(མཚོ་སྔོན་གསར་འགྱུར་དྲ་བ)ཀྱིས་སྒྲུབ་འགན་འཁུར་བའི“བརྗིད་ཆགས་ཡིད་འོང་གི་ལོ་ངོ70རིང་ལ་འབད་འཐབ་བྱས་པའི་མཚོ་སྔོན་གསར་པ་སྟེ། 2019ལོའི་རྒྱལ་ཡོངས་སྨྱན་བྱེད་གཙོ་བོས་མཚོ་སྔོན་ལ་ལྟ་བ”ཞེས་པའི་བཅར་འདྲི་བྱེད་སྒོ་ཆེ་གྲས་ཟི་ལིང་ནས་སྤེལ་མགོ་བརྩམས།

ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་བའི་ལོ་དང་། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་ངོ70འཁོར་བའི་ལོ་ཡིན། ལོ་ངོ70ཡི་རིང་དང་། ལྷག་པར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ་མཚོ་སྔོན་གྱི་མི་རིགས་ཁག་གི་མི་དམངས་ཀྱིས“མཐོར་སྙེག་རྒྱང་ལྟ་དང་། སྒོ་འབྱེད་ལ་ཡིད་ཆེས། མཐུན་སྒྲིལ་ལེགས་འབུལ། འབད་པ་ལྷོད་མེད”ཀྱི་མཚོ་སྔོན་གསར་པའི་སྙིང་སྟོངས་དར་སྤེལ་བྱས་ཏེ། དུས་རབས་ཀྱི་འཕེལ་རྒྱས་ཁྲོད་ཕུགས་འདུན་འཚོལ་སྙེག་དང་། གོམ་ཞེང་ཆེན་པོས་བསྐྱོད་དེ་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། སྣོད་བཅུད། དམངས་ཚིས་སོགས་ཀྱི་ཐད་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་། ཉེ་བའི་ལོ་རིང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་བཏོན་པའི“ཏན་ཏིག་བཞི”ཡི་བླང་བྱ་གལ་ཆེན་དང་ཞིང་ཆེན་ཏང་ཨུའི“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་འཁྲིད་སྟོན་འོག “ཆུ་གསུམ་འགོ་ཁུངས”དང“ཀྲུང་ཧྭའི་ཆུ་མཛོད”དུ་གྲགས་པའི་མཚོ་སྔོན་གྱིས་འགྱུར་མེད་དམ་བཅའ་བཞག་ནས“ལྗང་མདོག་གི་རྩིས”དེད་ནས“ལྗང་མདོག་གི་ལམ”དུ་ཞུགས་ཏེ། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲ་བརྟན་དང“དྭངས་གཙང་ཆུ་མོ་ཤར་ལ་འབབ”པར་འགན་ལེན་བྱས་ནས་མཚོ་སྔོན་གྱི་ལག་རྗེས་བཞག་ཡོད།

ཐེངས་འདིའི་བྱེད་སྒོས་མཚོ་སྔོན་གྱི་འཕེལ་འགྱུར་དང་། མཚོ་སྔོན་གསར་པའི་སྙིང་སྟོབས། སྣོད་བཅུད་སྲུང་སྐྱོང་། གཙང་སེལ་ནུས་ཁུངས། ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ། སྐྱེས་ལྡན་ཞིང་འབྲོག་ལས། ཡུལ་སྐོར་ཐོན་ལས་ལ་སོགས་པའི་ཁྱད་ཆོས་དང་ལས་གཙོ་བོ་ཕྱོགས་བསྡུས་ཐོག་དྲིལ་སྒྲོག་བྱས་ཏེ། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་དང་། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་བསམ་བློའི་སྒུལ་ཤུགས་བསྩལ་ནས་གླེང་ཕྱོགས་ཀྱི་ཆ་ལ་རྒྱབ་སྐྱོར་འདོན་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་དྲ་སྦྲེལ་ཆ་འཕྲིན་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཀྲི་ཞུང་གིས་གཏམ་བཤད་པ།

མཛད་སྒོའི་ཐོག མཚོ་སྔོན་ཞིང་ཆེན་དྲ་སྦྲེལ་ཆ་འཕྲིན་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཀྲི་ཞུང་གིས་རྒྱལ་ཡོངས་ཀྱི་སྨྱན་བྱེད་གཙོ་ཁག་ནས་ཕེབས་པའི་གསར་འགོད་པ་རྣམས་ལ་མཚོ་སྔོན་གྱི་གནས་ཚུལ་དང་། སྣོད་བཅུད་སྲུང་སྐྱོང་། ལོ་རྒྱུས་རིག་གནས་ལ་སོགས་མཚམས་སྦྱོར་བྱས། ཁོས་འདི་སྐད། ང་ཚོ་ལྷན་དུ་འཛོམས་ནས་གོམ་ཤུགས་དང་མིག་ཤུགས། ཀླད་ཤུགས། སྨྱུག་ཤུགས་བཅས་ཤུགས་བཞི་རྩལ་དུ་བཏོན་ནས་མཐོ་སྒང་ལ་གཟིགས་སྐོར་ཞིག་བརྒྱབ་ནས་བརྗིད་ཉམས་ལྡན་ལ་ཡིད་དུ་འོང་བ། ངོ་མཚར་ལྐོག་གྱུར་གྱིས་ཕྱུག་པ། ལོ་རྒྱུས་རིང་བའི་རིག་གནས་གོམས་སྲོལ་བཅས་དྲིལ་སྒྲོག་དང་། མཐོར་འཛེགས་རྒྱང་གཟིགས་དང་། སྒོ་འབྱེད་ལ་ཡིད་ཆེས། མཐུན་སྒྲིལ་ལེགས་འབུལ། འབད་བརྩོན་ལྷོད་མེད་ཀྱི་མཚོ་སྔོན་གསར་པའི་སྙིང་སྟོབས་ཉམས་སུ་མྱངས་ཏེ། སྨྱན་བྱེད་ཁག་གི་བརྒྱུད་སྒྲོག་ནུས་པ་དང་། འཁྲིད་སྟོན་ནུས་པ། ཤུགས་རྐྱེན་ནུས་པ། ཀུན་གྱི་ཡིད་ཆེས་ཐུབ་པའི་ནུས་པ་བཅས་ཀྱི་མཐའ་རིང་དུ་བསྐྱེད་དགོས་ཞེས་བརྗོད་པ་དང་ཆབས་ཅིག རྒྱལ་ཡོངས་སྨྱན་བྱེད་ཀྱི་རྩོམ་སྒྲིག་པ་རྣམས་དང་གསར་འགོད་པ་རྣམས་ལ། སོ་སོའི་སྨྱན་བྱེད་སྟེགས་བུ་འདི་བཀོལ་སྤྱོད་ལེགས་པོ་དང་། ཤུགས་མང་པོ་འདོན་པ་དང་དང་བརྒྱུད་སྒྲོག་བྱེད་ཐབས་མང་པོ་བརྒྱུད་ནས་གོམ་ཤུགས་དང་། མིག་ཤུགས། ཀླད་ཤུགས། སྨྱུག་ཤུགས་གང་ལེགས་བཏོན་ཐོག དྲ་རྒྱའི་སྨྱན་བྱེད་ཀྱི་བརྒྱུད་སྒྲོག་དགེ་མཚན་བརྒྱུད་དེ་དུས་ཐོག་ཏུ་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་ངོ70འཁོར་བའི་རིང་དང་། ལྷག་པར་ཉེ་བའི་ལོ་རིང་གི་མཚོ་སྔོན་གྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། སྣོད་བཅུད། དམངས་ཚིས་སོགས་ཐད་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དྲིལ་སྒྲོག་དང་། མཚོ་སྔོན་ཞིང་ཆེན་གྱིས“ཏན་ཏིག་བཞི”ཡི་བླང་བྱ་གལ་ཆེན་མཐའ་འཁྱོལ་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བྱེད་ཐབས་ལག་བསྟར་བྱས་པའི་གྲུབ་འབྲས་སོགས་ཆ་ཡོངས་ནས་དྲིལ་སྒྲོག་དགོས་པ་མ་ཟད། སྨྱན་བྱེད་མཉམ་བསྲེས་ཀྱི“ཁྱད་ཆོས་གསར་ཤོས”དང་“དར་ཤུགས་ཆེ་བའི”དྲིལ་སྒྲོག་བྱེད་ཐབས་གསར་པ་གསར་དུ་གཏོད་དེ། རབ་མཛེས་མཚོ་སྔོན་དེ་ཡིག་ཐོག་དང་གཟུགས་བརྙན་གང་རུང་གི་ཆ་ནས་གསོན་ཉམས་དང་བཅས་རྒྱལ་ཡོངས་མི་དམངས་ཀྱི་མིག་མདུན་དུ་བསྟར་ཐུབ་པ་ཞིག་བྱ་དགོས་ཟེར།

འཆར་སྣང་དྲ་བའི་སྤྱི་གཉེར་བ་གཞོན་པ་ཝང་ཙའེ་ཧྭ་ཡིས་སྨྱན་བྱེད་ཚན་པའི་ཚབ་བྱས་ནས་གཏམ་བཤད།

ཁོས་འདི་སྐད། ངས་ཁྱེད་ཅག་དང་མཉམ་དུ་མཚོ་སྔོན་ལ་ཡོང་བའི་རང་གི་མྱོང་ཚོར་གླེང་ཐུབ་པ་དངོས་འདྲའི་དགའ་བ་ལ་ཨང་། མཚོ་སྔོན་ཞིང་ཆེན་ནི་ཆུ་གསུམ་འགོ་ཁུངས་ཡིན་ལ། ཚྭ་མཚོ་ཆེན་པོ་མཚོ་སྔོན་པོ་དང་། ནམ་མཁའི་མེ་ལོང་དབུས་ཀྱི་ཚྭ་མཚོ་དཀར་མོ། མཐའ་མི་ངོམ་པའི་ཨ་ཆེན་གངས་རྒྱབ་མི་མེད་ཁུལ། སྙིང་ཉེ་བའི་རི་དྭགས་གཙོད་སོགས་ཡོད་ལ། དེ་བཞིན་དུ་མཚོ་སྔོན་གྱི་ཚོང་རྟགས་གྲགས་ཅན་སོགས་མང་པོ་ཞིག་ཀྱང་ད་ལྟ་རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་རུ་ཡལ་འདབ་རྒྱས་ཤིང་འབྲས་བུ་དུད་ཡོད་པས། རབ་མཛེས་མཚོ་སྔོན་ཞེས་པ་ནི་གཞི་ནས་མིང་དོན་མཚུངས་པ་ཞིག་རེད། ང་ཚོ་བཅར་འདྲི་ཚོགས་པ་མཚོ་སྔོན་གྱི་རི་ཆུ་མཚོ་གསུམ་དང་། ལས་རིགས་སོ་སོ་སོགས་སུ་བསྐྱོད་པའི་ཉིན་འདི་དག་ལ་མཚོ་སྔོན་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་སྣེ་འཁྲིད་འོག་འཚོ་བ་ཉིན་རེར་ཇེ་བདེ་ཇེ་སྐྱིད་དུ་སོང་ནས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ལ་ཐག་ཇེ་ཉེ་འགྲོ་བཞིན་པ་མཐོང་ཐུབ། མཐར་ང་ཚོས་ལག་མཐིལ་གྱི་ཤོག་བུ་དང་སྨྱུ་གུ པར་ཆས་དང་བརྙན་མིག་ལ་བརྟེན་ནས་རབ་མཛེས་མཚོ་སྔོན་གྱི་སྐད་ཅིག་མའི་མཛེས་པ་ཡི་གེ་དང་པར་ཆས་སུ་ཉར་ཐུབ་ལ་འབད་དགོས་རྒྱུ་མ་ཟད། དེ་དག་ཕྱིར་ངོམ་ནས་རྒྱལ་ཡོངས་མི་དམངས་ཀྱི་སྤྱན་སྔར་རབ་མཛེས་མཚོ་སྔོན་དང་། མཛེས་ཤིང་ཡངས་པའི་ས་གཞི། སྤྲོ་སེམས་འཁོལ་པའི་མཚོ་སྔོན་པ་བཅས་ཅི་དགར་མངོན་ཐུབ་དགོས་ཞེས་དེར་བཞུགས་ཀྱི་གསར་འགོད་པ་ཡོངས་ལ་འབོད་སྐད་བརྒྱབ།

མཚོ་སྔོན་ཞིང་ཆེན་དྲ་སྦྲེལ་གསར་འགྱུར་ལྟེ་གནས་ཀྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ། མཚོ་སྔོན་གསར་འགྱུར་དྲ་བའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཞུའུ་ཚུན་ཧྲི་ཡིས་མཛད་སྒོར་གཙོ་སྐྱོང་གནང་བ་མ་ཟད་གཏམ་བཤད།

དུས་ཚོད་ནི་སྐད་ཅིག་ཙམ་དུ་ཡལ་ནས་ཚོར་དབང་མེད་པར་དྲ་རྒྱའི་སྨྱན་བྱེད་མཚོ་སྔོན་དུ་བསྐྱོད་པའི་བྱེད་སྒོ་སྐབས་བཅུ་གཅིག་པ་དེ་ངང་གིས་བསུས་བྱུང་། མཚོ་སྔོན་གསར་པ་འཛུགས་སྐྲུན་དགོས་ན་དྲ་རྒྱའི་སྨྱན་བྱེད་ཀྱི་དོ་སྣང་ཆེན་པོ་དང་དྲིལ་སྒྲོག་ཤུགས་ཆེན་ལ་བརྟེན་དགོས་པ་ཡིན། དེང་ཕྱིན་ང་ཚོས་མུ་མཐུད་ནས་དྲ་རྒྱའི་སྨྱན་བྱེད་ཀྱི་བརྒྱུད་སྒྲོག་དགེ་མཚན་གང་ལེགས་བཏོན་ནས་སྨྱན་སྦྱོར་མཉམ་བསྲེས་མཉམ་སྤེལ་གྱི་གོམ་ཁ་ཇེ་མགྱོགས་དང་། རྒྱལ་ཡོངས་ཀྱི་དྲ་རྒྱའི་སྨྱན་བྱེད་ཆེ་ཁག་བར་མཉམ་ལས་མཉམ་འབྲེལ་ལ་ཤུགས་སྣོན། མཚོ་སྔོན་གྱི་ཕྱི་ཕྱོགས་དྲིལ་སྒྲོག་ལ་འབད་པ་བཅས་བྱས་ནས་དྲ་རྒྱའི་གསར་འགྱུར་གྱི་གླེང་ཕྱོགས་དང་བརྒྱུད་སྒྲོག་ནུས་པ། འཁྲིད་སྟོན་ནུས་པ། ཤུགས་རྐྱེན་ནུས་པ། ཀུན་གྱིས་ཡིད་ཆེས་ཐུབ་པའི་ནུས་པ་མུ་མཐུད་ནས་ཇེ་ཆེར་གཏང་ངེས་ཡིན་པས། རྒྱལ་ཡོངས་ཀྱི་ས་གནས་ཁག་གི་དྲ་རྒྱའི་སྨྱན་བྱེད་ཀྱི་གྲོགས་པོ་རྣམས་ཀྱིས་སྔར་མུས་བཞིན་དུ་མཚོ་སྔོན་ལ་དོ་སྣང་དང་། མཚོ་སྔོན་དྲིལ་སྒྲོག མཚོ་སྔོན་ལ་རྒྱབ་སྐྱོར་བཅས་བྱས་ནས་མཚོ་སྔོན་གྱི་ལོ་རྒྱུས་དང་སྣོད་བཅུད། རྩོལ་བྱུང་རིག་གནས་ལ་ཉམས་སུ་མྱོང་རྒྱུ་རེ་བ་ཡིན་ཞེས་བརྗོད།

མཛད་སྒོའི་ཐོག མཚོ་སྔོན་ཞིང་ཆེན་དྲ་སྦྲེལ་ཆ་འཕྲིན་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཀྲི་ཞུང་གིས་དྲ་རྒྱའི་སྨྱན་བྱེད་ཚན་པའི་གསར་འགོད་ཚོགས་པར་དར་ཆ་བསྒྲོན་པ་དང་།ཧུའུ་ནན་ཧྭ་ཧྲིན་དུས་ཐོག་གསར་འགྱུར་གྱི་གསར་འགོད་པ་ཀའོ་ཐིན་ཐིན་གྱིས་ཚོགས་པའི་ཚབ་བྱས་ནས་དར་ཆ་བླངས།

དེའི་རྗེས་སུ་བཅར་འདྲི་ཚོགས་པ་འདིས་དབྱར་གྲོང་ཟི་ལིང་གི་བསིལ་འཇམ་ལ་མཉམ་རོལ་དང་། ཀྲུང་གོའི་ཚྭ་མཚེའུ་གྲོང་ན་གོར་མོ། ལྷུན་གྱིས་བརྗིད་ལ་གངས་ཀྱིས་བརྒྱན་པའི་ཁུ་ནུ་ལ། མཚོ་བོད་གཞུང་ལམ་གྱི་ན་ཁྲི་ཐའེ་དམག་ཚིགས། ནམ་མཁའི་མེ་ལོང་ཞེས་པའི་དབུས་ཀྱི་ཚྭ་མཚོ་དཀར་མོ། ཀྲུང་གོའི་ཆེས་མཛེས་པའི་མཚོ་མོ་སྟེ་མཚོ་སྔོན་པོ་བཅས་ཀྱི་སར་ཉེ་བར་བཅར་ནས་དྲིལ་སྒྲོག་གི་ལས་ལ་འབད་རྒྱུ་རེད།

མཛད་སྒོའི་ཐོག་གསར་འགོད་པས་དྲན་རྟེན་གྱི་མིང་འགོད་པ།

ལམ་ལ་མ་ཆས་སྔོན་དུ་བསྐྱོན་པའི་མཉམ་པར།

ཁོན་ཐར་འཚོས་བསྒྱུར།