རྒྱལ་ཡོངས་ཀྱི་སྨྱན་བྱེད་ལས་ཁུངས40ཡི་གསར་འགོད་པ་མཚོ་སྔོན་དུ་འཛོམས་ནས་མཚོ་སྔོན་དྲིལ་སྒྲོག་བྱ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། མཚོ་སྔོན་ཞིང་ཆེན་དྲ་སྦྲེལ་ཆ་འཕྲིན་གཞུང་སྒྲུབ་ཁང་གཉིས་ཀྱིས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་དྲ་སྦྲེལ་གསར་འགྱུར་ལྟེ་གནས(མཚོ་སྔོན་གསར་འགྱུར་དྲ་བ)ཀྱིས་སྒྲུབ་འགན་འཁུར་བ། ཀྲུང་གུང་ན་གོར་མོ་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་སྒྲུབ་རོགས་མཛད་པའི་བརྗོད་བྱང་ལ“བརྗིད་ཆགས་ཡིད་འོང་གི་ལོ་ངོ70རིང་ལ་འབད་འཐབ་བྱས་པའི་མཚོ་སྔོན་གསར་པ། 2019ལོའི་རྒྱལ་ཡོངས་སྨྱན་བྱེད་གཙོ་ཁག་གིས་མཚོ་སྔོན་ལ་ལྟ་བ”ཞེས་པའི་བཅར་འདྲི་བྱེད་སྒོ་ཆེ་གྲས་དེ་སྤྱི་ཟླ8ཚེས8ཉིན་ནས14ཉིན་བར་སྤེལ་རྒྱུ་རེད།

གསར་འགོད་པ་ཟི་ལིང་གནམ་ཐང་དུ་འབྱོར་བ།

ད་སྔ་སྔོན་བསུའི་ལས་ཀ་ཡོངས་ཚགས་སུ་ཚུད་ཅིང་། རྒྱལ་ཡོངས་ཀྱི་སྨྱན་བྱེད་ལས་ཁུངས40ཡི་གསར་འགོད་པ་དང་རྩོམ་སྒྲིག་པ་སྔ་རྗེས་སུ་ཞིང་ཆེན་གྱི་སྲིད་འཛིན་ལྟེ་གནས་ཟི་ལིང་གྲོང་ཁྱེར་དུ་འབྱོར་ཡོད་པ་རེད།

ང་ལ་མཚོན་ན་མཚོ་སྔོན་ནི་ངོ་མཚར་ལྐོག་གྱུར་ཏུ་ལུས་པའི་གནས་ཆ་མེད་ཅིག་ཡིན་ལ། གནའ་བོའི་སྙན་རྩོམ་ཁྲོད་ན་ལྷུན་གྱིས་བརྗིད་པ་བཞིན་ཡིད་ཀྱི་དང་བ་འགོག་མེད་དུ་དྲངས་མྱོང་བའི་གནས་ཤིག་ཡིན། ལོ་རྒྱུས་དང་རིག་གནས། རང་བྱུང་གི་མཛེས་ལྗོངས་གང་གི་ཆ་ནས་བལྟས་ཀྱང་གནས་འདིའི་ཐུན་མིན་གྱི་མཛེས་པས་མི་སེམས་ལ་གཡོ་བ་ཆེན་པོ་ཐེབས་སྲིད། ད་ནི་གནས་འདིར་དངོས་མཇལ་གྱི་གོ་སྐབས་བྱུང་སོང་བས། རབ་མཛེས་མཚོ་སྔོན་ལ་རྒྱུས་ལོན་མཐིལ་རྟོགས་པ་ཞིག་ཨེ་ཐུབ་ལ་རེ་བས་བརྟས་ཡོད་ཅེས་མཚོ་སྔོན་ལ་ཐོག་མར་ཡོང་མཁན་གྱི་ཧུའུ་ནན་གསར་པའི་དྲ་སྣེ་གསར་འགྱུར་གྱི་གསར་འགོད་པ་ཧྲང་ཀོན་ཀྲི་ཧུའེ་ཡིས་མཚོ་སྔོན་གྱི་ཡོད་ཚད་ལ་ངོ་མཚར་སྐྱེས་ཞོར་དགའ་ཚོར་དྲག་པོའི་ངང་ནས་བརྗོད་བྱུང་།

སྣེ་ལེན་བྱེད་མཁན་རྣམས་ཀྱིས་གྲ་སྒྲིག་བྱེད་བཞིན་པ།

གསར་འགོད་པས་འབྱོར་ཐོ་འགོད་བཞིན་པ། 

ཐེངས་དེའི་བཅར་འདྲི་ཡིས་མཚོ་སྔོན་བཅིངས་འགྲོལ་ཐོབ་ནས་ལོ་ངོ70ཡི་རིང་དང་། ཉེ་བའི་ལོ་རིང་ལ་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས། སྣོད་བཅུད་སྲུང་སྐྱོང་། འཛུགས་སྐྲུན་ལ་སོགས་ཕྱོགས་གང་ཅིའི་ཐད་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་། “ཏན་ཏིག་བཞི”དོན་འཁྱོལ་དང་“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བྱེད་ཐབས་ལག་བསྟར་བྱས་པའི་གྲུབ་འབྲས་བཅས་ཆ་ཡོངས་ནས་དྲིལ་སྒྲོག་བྱ་རྒྱུ་རེད། བྱེད་སྒོའི་རིང་ལ་བཅར་འདྲི་ཚོགས་པ་དབྱར་གྲོང་ཟི་ལིང་དང་། ཀྲུང་གོའི་ཚྭ་མཚེའུ་གྲོང་ན་གོར་མོ། ཁུ་ནུ་ལ། དབུས་ཀྱི་ཚྭ་མཚོ་དཀར་མོ་སོགས་སུ་བསྐྱོད་དེ་མཚོ་བོད་མཐོ་སྒང་གི་བརྗིད་ཉམས་དང་མཚར་སྡུག རབ་མཛེས་མཚོ་སྔོན་གྱི་རྨད་བྱུང་ཡུལ་ལྗོངས་བཅས་ལ་ཉམས་སུ་མྱོང་རྒྱུ་རེད། 

སྣེ་ལེན་པས་གསར་འགོད་པའི་འབྱོར་ཐོ་འགོད་སར་ངང་སྒུག་བྱེད་པའི་ཚུལ།

ཁོན་ཐར་འཚོས་བསྒྱུར།