ཁྱིམ་གཅིག་གི་མནའ་མ་གཉིས་ཀྱིས་སྐད་འཕྲིན་ཚོགས་པ་ལས་ཕན་ཚུན་སྡིགས་རེས་བྱས་འབྲས་སུ་སྤྱི་བདེས་བཀག་ཉར་བྱས།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ7པའི་ཚེས29ཉིན། ཧོར་གྲོང་རྫོང་གི་བྲག་ལུང་ཡུལ་ཚོའི་སྡེ་མི་ཀྲང་ཆེ་གེ་མོས་ཁྲིན་ཆེ་མོ(ཁོ་མོ་གཉིས་ཀྱི་འབྲེལ་བ་ནི་བུ་སྤུན་གཉིས་ཀྱི་ཆུང་མའི་འབྲེལ་བ་རེད)ཚང་གི་པང་ལེབ་ཞིག་ཁོ་ཚང་གི་སྒོ་ལམ་སྟེང་བཞག་ཡོད་པ་དེས་འགྲོ་འོང་ལ་ཤུགས་རྐྱེན་ཐེབས་ཚུལ། སྡེ་བའི་བུད་མེད368ཅན་གྱི་སྐད་འཕྲིན་ཚོགས་པ་རུ་བརྙན་དང་བཅས་བསྐུར། ཁྲིན་ཆེ་མོས་ཚོགས་པ་ལས་བརྙན་ཐུང་དེ་མཐོང་རྗེས་ཀྲང་ཆེ་གེ་མོར་སྡིགས་དམོད་བྱས་མཐར་གཉིས་ཀས་ཚོགས་པ་དེའི་ནང་འཁོན་རེས་བརྒྱབ། ཚོགས་གཙོས་མོ་གཉིས་ཀ་ཚོགས་པ་ལས་ཕུད། དེ་ནས་མོ་གཉིས་ཀྱིས་ཡང་བསྐྱར་སྡེ་མི255ལས་གྲུབ་པའི་སྐད་འཕྲིན་ཚོགས་པ་ལས་མུ་མཐུད་དུ་ཕན་ཚུལ་ལ་དམའ་འབེབས་དང་སྡིགས་རེས་བྱས་མཐར་སྔར་བཞིན་ཚོགས་པ་ལས་ཕུད་པ་རེད། ཟླ7པའི་ཚེས30ཉིན། མངག་གཏོང་ཁང་ལ་སྙན་སེང་འབྱོར་རྗེས་དེ་འཕྲལ་འབྲེལ་ཡོད་བདེན་དཔང་དང་དོན་རྐྱེན་གནས་ཚུལ་རྩད་ཞིབ་བྱས།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་སྐྱོང་དོ་དམ་ཆད་གཅོད་བཅའ་ཁྲིམས》དོན་ཚན་ཞེ་གཉིས་པའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་གཞིར་བཟུང་སྟེ། ཧོར་གྲོང་རྫོང་སྤྱི་བདེ་ཅུའུ་ཡིས་ཁྲིམས་ལྟར་ཀྲང་ཆེ་གེ་མོ་དང་ཁྲིན་ཆེ་མོ་སྲིད་འཛིན་བཀག་ཉར་ཉིན་བཅུ་ཡི་ཆད་པ་བཅད། ཟླ8པའི་ཚེས6ཉིན། ཀྲང་ཆེ་གེ་མོ་དང་ཁྲིན་ཆེ་མོ་དམར་གཙང་ཁུལ་དུ་བསྐྱལ་ནས་སྲིད་འཛིན་བཀག་ཉར་བྱས་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།