ཉི་མ་བཞུད་ཁའི་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ནི་བོད་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་ཁོངས་སུ་གནས་ཡོད། ཐག་རིང་ལུང་ཁུག་གི་ས་བབ་དང་ངོ་མཚར་ཆེ་བའི་བྲུ་རོང་གི་ས་དབྱིབས། འོད་སྟོང་འབར་བའི་གུ་གེའི་ཤེས་དཔལ་བཅས་ལྡན་པས་མངའ་རིས་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ཡུལ་སྐོར་དེ་ཉིད་བོད་དུ་ཡུལ་སྐོར་གཏིང་ཟབ་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།