2019ལོའི་ན་གོར་མོ་ཁུ་ནུ་རིག་གནས་ཡུལ་སྐོར་དུས་ཆེན་མཛད་སྒོ་བསྡུས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ8པའི་ཚེས5ཉིན། 2019ལོའི་ན་གོར་མོ་ཁུ་ནུ་རིག་གནས་ཡུལ་སྐོར་དུས་ཆེན་མཛད་སྒོ་བསྡུས་ཏེ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་གྱིས་མཛད་སྒོ་འགོ་བརྩམས་པར་ཁྱབ་སྒྲོག་མཛད་ཅིང་། ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ན་གོར་མོ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་དབྱང་། ཁུལ་དཔོན་གཞོན་པ་ཆཱན་ཀའོ་ཆིན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཅིས་དབྱོན་སོགས་ཐེངས་འདིའི་མཛད་སྒོར་ཞུགས་པ་རེད།

རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འདི་འགར། ན་གོར་མོ་གྲོང་ཁྱེར་གྱིས་ཁུ་ནུ་རི་བོ་དང་ཁུ་ནུ་རིག་གནས་ཀྱི་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས། ཁུ་ནུ་རིག་གནས་སྔོག་འདོན་དང་། ཡུལ་སྐོར་ཐོན་ཁུངས་དྲིལ་སྒྲོག ཁུ་ནུ་རིག་གནས་ཀྱི་ཚོང་རྟགས་གསར་གཏོད། ལྗོངས་ཁུལ་གསར་སྤེལ་དང་སྒྲིག་ཆས་ཆ་ཚང་འཛུགས་སྐྲུན་ལ་མུ་མཐུད་ཤུགས་བསྣན་ནས། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བྱས། ཁུ་ནུ་རིག་གནས་བརྗོད་དོན་ཡིན་པའི་ཡུལ་སྐོར་གནས་ལྗོངས་ས་ཚིགས་དང་ཡུལ་སྐོར་ལམ་ཐིག་ཁག་གཅིག་བཏོད་དེ། ཁུ་ནུ་རིག་གནས་ཀྱི་ཤུགས་རྐྱེན་ཚད་དང་མིང་གྲགས་ཚད་སྔར་ལས་མཐོ་རུ་ཕྱིན་ནས། འཛམ་གླིང་གི་ས་གནས་སོ་སོའི་དད་ལྡན་པ་ཁུ་ནུ་རི་བོའི་གནས་མཇལ་དུ་ཡོང་བར་ཤུགས་རྐྱེན་ཐེབས། དེ་དང་ཆབས་ཅིག་ཐོན་ལས་གྲུབ་ཆ་ལེགས་སྒྲིག་དང་ལྷད་མེད་རིགས་སྒྱུར་རིམ་སྤོར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། སྐྱེ་ཁམས་རིག་གནས་ཡུལ་སྐོར་དང་སྒོ་འབྱེད་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་གྲུབ་འབྲས་མངོན་གསལ་གྱིས་ཇེ་མཐོ་རུ་བཏང་བ་རེད།

གླུ་ཡི་མཆོད་པ། 

ལོ་ཙཱ་བ། ལྷ་ཆེན་རྒྱལ།