རང་ཞིང་གིས་ཁྲིམས་འགལ་སྒོས་ཤོག་སྦག་ཉོ་འཚོང་བྱེད་པའི་གྱོད་དོན་ཞིག་རྩད་ཆོད་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་ཧྲིལ་བོའི་ཤོག་སྦག་གི་ཉོ་འཚོང་ལ་ཚོད་འཛིན་བྱེད་ཆེད། ནུས་ཤུགས་གང་ཡོད་སྒོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་དུས་ཆེན་གྱི་སྐབས་འདིར་ཞིང་ཆེན་ཡོངས་ཀྱིས་ཤོག་སྦག་ལས་རིགས་ཀྱི་བདེ་འཇགས་གནས་བབ་དེ་སྔར་ལས་སྲ་བརྟན་ཅན་ཏུ་གཏོང་ཆེད། ཉེ་ལམ་ཞིང་ཆེན་སྐབས་བསྟུན་བདག་དོམ་ཐིན་གྱིས“ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་སློབ་གསོའི་བྱ་འགུལ་དང་འབྲེལ་བ་དམ་ཟབ་ཅན་ཏུ་བཏང་ནས། ཞིང་ཆེན་སྤྱི་བདེ་ཐིན་དང་མཉམ་དུ་ཤོག་སྦག་གི་ཁྲིམས་འགལ་སྒྲིག་འགལ་བྱ་བར་ཆེད་དོན་ཞིབ་བཤེར་བྱེད་པའི་དག་ཐེར་བྱ་འགུལ་སྤེལ་ནས། ཁྲིམས་འགལ་སྒོས་ཤོག་སྦག་གསོག་ཉར་བྱས་པའི་ཚང་མལ2རྩད་ཆོད་བྱུང་བ་དང་ཤོག་སྦག་རིགས་མི་འདྲ་བ503ལྷག་གཞུང་བཞེས་བྱས་ཤིང་། གྱོད་དོན་གྱི་རིན་ཐང་སྒོར་ཁྲི12.3ལ་བུད་ཡོད།

ཟླ7ཚེས24ཉིན། མཉམ་འབྲེལ་ཞིབ་བཤེར་ཚོ་ཆུང་གིས་དུས་སྔོན་མར་ཁོངས་དུ་ཆུད་པའི་ཁུངས་སྣེ་གཞིར་བཟུང་སྟེ་རྩད་ཞིབ་ནན་མོ་དང་བཀོད་སྒྲིག་ཞིབ་ཚགས་སྒོས་ཟི་ལིང་གྲོང་ཁྱེར་མཁར་ཤར་ས་ཁུལ་གྱི་སྡོད་དམངས་གཞིས་ཁུལ་དང་པོ་རུ་ཁྲིམས་འགལ་སྒྲིག་འགལ་གྱི་ཤོག་སྦག203བཟོས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་རྩད་གཅོད་བྱས་པ་བརྒྱུད་འགོ་ཁུངས་རྩད་གཅོད་ཀྱི་ཁུངས་སྣེ་རེ་རེ་ཤོག་སྦག་གི་ཁྲིམས་འགལ་འགོ་ཁུངས་སུ་བྱས་ཡོད། དེར་མ་ཟད་ཉིན་དེའི་ཕྱི་དྲོ་ལན་ཀྲུའུ་གྲོང་ཁྱེར་ཧོང་ཀོའུ་ཆུའུ་སྤྱི་བདེ་ལས་ཁུངས་ཀྱིས་ཧོང་ཀའོ་ཆུའུ་གྱི་སྡོད་ཁང་ཤིག་ཏུ་ཁྲིམས་འགལ་སྒོས་ཤོག་སྦག་ཉར་ཚགས་བྱས་པའི་ཚང་མལ་ཞིག་རྩད་ཆོད་པ་དང་ཡུལ་དངོས་དེར་རིགས་མི་འདྲ་བའི་ཤོག་སྦག300ལྷག་གཞུང་བཞེས་བྱས། མཇུག་མཐར་ཁྲིམས་འགལ་གྱི་གསོག་ཉར་བྱས་པའི་ཤོག་སྦག་གི་ཚང་མལ2དང་ཁྲིམས་འགལ་གྱི་ཤོག་སྦག་རིགས་མི་འདྲ་བ503གྱི་གྱོད་དོན་རིན་ཐང་སྒོར་ཁྲི12.3ལ་སླེབས་ཡོད། དེ་ལྟར་ཐོག་མའི་རྩད་གཅོད་བརྒྱུད་ཐེངས་འདིར་གཞུང་བཞེས་བྱས་པའི་ཁྲིམས་འགལ་ཤོག་སྦག་གི་མེ་རྫས་ཀྱི་ཚད་དང་གྱོད་དོན་གྱིས་ཉེས་དོན་གྲུབ་ཡོད་པས། གྱོད་དོན་གང་དེ་སྤྱི་བདེ་ལས་ཁུངས་ལ་སྤྲད་དེ་སྔར་ལས་ལྷག་པའི་སྒོ་ནས་རྩད་གཅོད་བྱེད་བཞིན་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།