2019ལོའི་ཉེན་རྟོག་ལས་རོགས་པ་བསྡུ་བའི་བརྡ་སྦྱོར་སྤྱི་སྒྲོག་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས《མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་ལས་རོགས་པ་དོ་དམ་བྱེད་ཐབས(ཚོད་ལྟ)》གཞིར་བཟུང་སྟེ། 2019ལོར་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་ཉེན་རྟོག་ལས་རོགས་པ600བསྡུ་རྒྱུ་རེད།

གཅིག ལས་བསྡུའི་མི་གྲངས།

ཁྱོན་བསྡོམས་ཉེན་རྟོག་ལས་རོགས་པ600བསྡུ་རྒྱུ་ཡིན་ཞིང་། དེའི་ཁྲོད་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་གྱིས་ཉེན་རྟོག་ལས་རོགས་པ270དང་། མཚོ་ཤར་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས་ཉེན་རྟོག་ལས་རོགས་པ130། མཚོ་ནུབ་ཁུལ་སྤྱི་བདེ་ཅུའུ་ཡིས་ཉེན་རྟོག་ལས་རོགས་པ50། མཚོ་ལྷོ་ཁུལ་སྤྱི་བདེ་ཅུའུ་ཡིས་ཉེན་རྟོག་ལས་རོགས་པ50། ཡུལ་ཤུལ་ཁུལ་སྤྱི་བདེ་ཅུའུ་ཡིས་ཉེན་རྟོག་ལས་རོགས་པ50དང་མགོ་ལོག་ཁུལ་སྤྱི་བདེ་ཅུའུ་ཡིས་ཉེན་རྟོག་ལས་རོགས་པ50བཅས་བསྡུ་རྒྱུ་རེད།

གཉིས། ལས་བསྡུའི་གོ་རིམ།

དྲ་ཐོག་ནས་མིང་ཐོ་འགོད་པ། ཐོབ་ཐང་ཞིབ་བཤེར། ཡིག་རྒྱུགས་ལེན་པ། ཐོབ་ཐང་བསྐྱར་ཞིབ། ཁ་རྒྱུགས། ལས་ཕུང་བརྟག་དཔྱད། སྲིད་ཞིབ། སྤྱི་སྒྲོག་དང་ལས་བསྡུ་བཅས་གོ་རིམ་ལྟར་བསྒྲུབ་རྒྱུ་རེད།

གསུམ། ལས་བསྡུའི་ཁྱབ་ཁོངས།

སྤྱི་ཚོགས་ལ་ཁ་གཏད་ནས་ལས་བསྡུ་བྱ་རྒྱུ་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་གྱི་ལས་གནས་ཕུད་ལས་གནས་གཞན་དག་ཁྱིམ་ཐོའི་ས་གནས(གྲོང་ཁྱེར། ཁུལ།)ལྟར་བསྡུ་རྒྱུ་རེད།

བཞི། མིང་ཐོ་འགོད་པའི་ཆ་རྐྱེན།

1. རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་བརྩི་སྲུང་བྱ་དགོས།

2.ལོ18ཡན་ནས30མན། (1988ལོའི་ཟླ8པའི་ཚེས1ཉིན་ནས2001ལོའི་ཟླ8པའི་ཚེས1ཉིན།)

3.མཐོ་འབྲིང་ཡན་གྱི་བསླབ་གནས་ལྡན་དགོས།

4.མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཐོ་ལྡན་དགོས་ཤིང་། རང་རེའི་ཞིང་ཆེན་གྱི་མཐར་ཕྱིན་སློབ་མ་དང་དམག་མི། དམག་ཁོངས་ལས་བུད་པའི་དམག་མི་ཡིན་དགོས།

5.ལས་འགན་སྒྲུབ་པའི་ལུས་ཕུང་དང་བྱ་བའི་ནུས་པ་ལྡན་དགོས།

6.སྤྱི་བདེ་ལས་ཁུངས་ཀྱིས་གཏན་འབེབས་བྱས་པའི་ཆ་རྐྱེན་གཞན་དག་དང་མཐུན་དགོས།

ལྔ། མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར་བྱེད་པ།

1.མིང་ཐོ་འགོད་པའི་དུས་ཚོད། 2019ལོའི་ཟླ8པའི་ཚེས1ཉིན་གྱི་ཆུ་ཚོད9:00----ཟླ8པའི་ཚེས5ཉིན་གྱི་ཆུ་ཚོད18:00བར།

2.ཐོབ་ཐང་ཞིབ་བཤེར་བྱེད་པའི་དུས་ཚོད། 2019ལོའི་ཟླ8པའི་ཚེས1ཉིན་གྱི་ཆུ་ཚོད9:00----ཟླ8པའི་ཚེས7ཉིན་གྱི་ཆུ་ཚོད18:00བར།

3.གྲོན་དངུལ་སྤྲོད་པའི་དུས་ཚོད། 2019ལོའི་ཟླ8པའི་ཚེས1ཉིན་གྱི་ཆུ་ཚོད9:00----ཟླ8པའི་ཚེས7ཉིན་གྱི་ཆུ་ཚོད24:00བར།

4.ལས་གནས་སྙོམས་སྒྲིག་བྱེད་པའི་དུས་ཚོད། 2019ལོའི་ཟླ8པའི་ཚེས8ཉིན་གྱི་ཆུ་ཚོད9:00----ཟླ8པའི་ཚེས8ཉིན་གྱི་ཆུ་ཚོད16:00བར།

ཞིབ་ཏུ་རྒྱུས་ལོན་བྱེད་ན་དྲ་ཚིགསwww.qhpta.comའདི་ལ་གཟིགས་རོགས།

བློ་འདྲི་བྱ་ཡུལ།

ཞིང་ཆེན་སྤྱི་བདེ་ཐིན་ཆབ་སྲིད་པུའུ། 0971-8293646

ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐད་གཏོགས་ལས་ཁུངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན། 0971-8293192

ཞིང་ཆེན་སྤྱི་བདེ་ཐིན་ཆབ་སྲིད་པུའུ་ནས2019ལོའི་ཟླ7པའི་ཚེས29ཉིན།

ལོ་ཙཱ་བ། ལྷ་ཆེན་རྒྱལ།