2019ལོའི་ཐེམ་ཆེན་རྫོང་གི་དྲུག་པའི་ཀླུ་རོལ་ཡུལ་སྐོར་རིག་གནས་སྒྱུ་རྩལ་དུས་ཆེན་དང་ཐེམ་ཆེན་སེ་ལྡན་ནོར་ལུག་འོས་སྦྱོར་ཚོགས་འདུ་སྐབས་དང་བོ། བྲག་དཀར་ཐེམ་ཆེན་གྱི་རི་ཁུལ་བྱེས་བགྲོད་འགྲན་བསྡུར་བཅས་ཀྱི་བྱ་འགུལ་གཟབ་རྒྱས་ངང་འགོ་རྩོམ་ལ་ཉེ །

༅ ༎ ༢༠༡༩ལོའི་ཐེམ་ཆེན་རྫོང་གི་དྲུག་པའི་ཀླུ་རོལ་ཡུལ་སྐོར་རིག་གནས་སྒྱུ་རྩལ་དུས་ཆེན་དང་ཐེམ་ཆེན་སེ་ལྡན་ནོར་ལུག་འོས་སྦྱོར་ཚོགས་འདུ་སྐབས་དང་བོ། བྲག་དཀར་ཐེམ་ཆེན་གྱི་རི་ཁུལ་བྱེས་བགྲོད་འགྲན་བསྡུར་བཅས་ཀྱི་བྱ་འགུལ་གཟབ་རྒྱས་ངང་འགོ་རྩོམ་ལ་ཉེ །

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བ། ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་ལ།ཐེམ་ཆེན་རྫོང་གི་དཔལ་འབྱོར་དང་ལས་རིགས་འཕེལ་རྒྱས་ལ་འོད་སྟོང་འབར་བའི་གྲུབ་འབྲས་བླངས་པར་འགྲེམ་སྟོན་གང་ལེགས་བྱེད་པ། ཐེམ་ཆེན་རྫོང་གི་བོད་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ་གཏོང་བ ། ཐེམ་ཆེན་རྫོང་གི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བདེ་འཇགས། ལས་རིགས་ཐམས་ཅད་དར་ཞིང་རྒྱས་པའི་བརྗོད་དོན་མངོན་གསལ་བྱུང་བ ། མི་རིགས་ཀྱི་དམངས་ཁྲོད་རིག་གནས་ཐོན་ཁུངས་སྔོག་འདོན་བྱེད་པ ། མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་བ ། ཐེམ་ཆེན་རྫོང་ཡུལ་སྐོར་རིག་གནས་རྟགས་མཚན་གྱི་སྙན་གྲགས་སྔར་ལས་ཇེ་རྒྱས་སུ་གཏོང་བ ། ཐེམ་ཆེན་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་གང་ལེགས་གང་མྱུར་གྱིས་འཕེལ་རྒྱས་སུ་འགྲོ་བར་སྐུད་འདེད་གཏོང་བ་བཅས་ཀྱི་ཆེད་དུ ། ཐེམ་ཆེན་རྫོང་གིས་༢༠༡༩ལོའི་ཟླ༨པའི་ཚེས༦ནས་ཟླ༨པའི་ཚེས༨བར་ལ། དྲུག་པའི་ཀླུ་རོལ་ཡུལ་སྐོར་རིག་གནས་སྒྱུ་རྩལ་དུས་ཆེན་དང་ཐེམ་ཆེན་སེ་ལྡན་ནོར་ལུག་འོས་སྦྱོར་ཚོགས་འདུ་སྐབས་དང་བོ། བྲག་དཀར་ཐེམ་ཆེན་རི་ཁུལ་བྱེས་བགྲོད་འགྲན་བསྡུར་བཅས་ཀྱི་བྱ་འགུལ་སྤེལ་རྒྱུ་རེད།

གཅིག བྱ་འགུལ་གྱི་མིང་།

༢༠༡༩ལོའི་ཐེམ་ཆེན་རྫོང་གི་དྲུག་པའི་ཀླུ་རོལ་ཡུལ་སྐོར་རིག་གནས་སྒྱུ་རྩལ་དུས་ཆེན་དང་ཐེམ་ཆེན་སེ་ལྡན་ནོར་ལུག་འོས་སྦྱོར་ཚོགས་འདུ་སྐབས་དང་བོ། བྲག་དཀར་ཐེམ་ཆེན་རི་ཁུལ་བྱེས་བགྲོད་འགྲན་བསྡུར་བཅས་ཀྱི་བྱ་འགུལ།

གཉིས ། བྱ་འགུལ་གྱི་དུས་ཚོད །

༢༠༡༩ལོའི་ཟླ༨པའི་ཚེས༦ནས་ཟླ༨པའི་ཚེས༨བར །

གསུམ ། བྱ་འགུལ་གྱི་བརྗོད་དོན །

མཚར་སྡུག་གི་ལོ་ངོ་བདུན་ཅུ། མདུན་བསྐྱོད་ཀྱི་དུས་རབས་གསར་བ་ཅེས་པའི་ཐེམ་ཆེན་རྫོང་གི་དྲུག་པའི་ཀླུ་རོལ་ཡུལ་སྐོར་རིག་གནས་སྒྱུ་རྩལ་དུས་ཆེན་དང་ཐེམ་ཆེན་སེ་ལྡན་ནོར་ལུག་འོས་སྦྱོར་ཚོགས་འདུ་སྐབས་དང་བོ། བྲག་དཀར་ཐེམ་ཆེན་རི་ཁུལ་བྱེས་བགྲོད་འགྲན་བསྡུར་བཅས་ཀྱི་བྱ་འགུལ།

བཞི ། བྱ་འགུལ་གྱི་ནང་དོན །

༡ གླུ་དབྱངས།༼ ང་དང་ང་ཡི་མེས་རྒྱལ། ༽

དུས་ཚོད ། ཟླ༨པའི་ཚེས ༦ 9:00─9:30 ས་གནས ། རྟ་རྒྱུག་ཐང་ །

༢ འགོ་རྩོམ་པའི་མཛད་སྒོ ། ༼ རིག་རྩལ་འཁྲབ་སྟོན་དང་ཤོམ་འགྲོ ༽

དུས་ཚོད ། ཟླ༨པའི་ཚེས ༦ 9:00─12:00 ས་གནས ། རྟ་རྒྱུག་ཐང་ །

༣ ཁྱད་ཐོན་ཟས་རིགས་ཀྱི་བྲོ་བར་མྱང་བ།

དུས་ཚོད ། ཟླ༨པའི་ཚེས ༦ 10:00─18:00 ས་གནས ། རྟ་རྒྱུག་ཐང་ །

༤ བུ་ཧའི་འགྲན་བསྡུར།

དུས་ཚོད ། ཟླ༨པའི་ཚེས ༦ 14:30─17:30 ས་གནས ། ཁྲོམ་ར།

༥ ཐག་འཐེན་དང་གླང་ཆེན་ས་གཤག་འགྲན་བསྡུར །

དུས་ཚོད ། ཟླ༨པའི་ཚེས༦ 15:00─18:30 ས་གནས ། རྟ་རྒྱུག་ཐང་།

༦ ལ་གཞས་འགྲན་བསྡུར ། ༼ འདེམས་འགྲན ། ༽

དུས་ཚོད ། ཟླ༨པའི་ཚེས༦ 19:30─24:00 ས་གནས ། རྟ་རྒྱུག་ཐང་ །

༧ རྟ་རྒྱུག་འགྲན་བསྡུར ། ༼ འདེམས་རྒྱུག ༽

དུས་ཚོད ། ཟླ༨པའི་ཚེས༦ཉིན་གྱི་ཉིན་གང་བོར ། ས་གནས ། རྟ་རྒྱུག་ཐང་ །

༨ བྲག་དཀར་ཐེམ་ཆེན་གྱི་རི་ཁུལ་བྱེས་བགྲོད་འགྲན་བསྡུར།

དུས་ཚོད ། ཟླ༨པའི་ཚེས༧ཉིན ། 9:00─15:00 ས་གནས ། བྲག་དཀར་ཐེམ་ཆེན།

༩ མདའ་རྩེད་འགྲན་བསྡུར །

དུས་ཚོད ། ཟླ༨པའི་ཚེས༧ཉིན ། 8:30─12:30 ས་གནས ། རྟ་རྒྱུག་ཐང་ །

༡༠ འཇུ་བའི་འགྲན་བསྡུར །

དུས་ཚོད ། ཟླ༨པའི་ཚེས༦ཉིན ། 11:00─14:30 ས་གནས ། རྟ་རྒྱུག་ཐང་ །

༡༡ ཁྲོམ་གྱི་འགྲན་བསྡུར།

དུས་ཚོད ། ཟླ༨པའི་ཚེས༧ཉིན ། 9:00─12:00 ས་གནས ། ཁྲོམ་ར།

༡༢ མཁར་ཤར་སྡེ་ཁུལ་གྱི་རིག་རྩལ་འཁྲབ་སྟོན །

དུས་ཚོད ། ཟླ༨པའི་ཚེས༧ཉིན ། 10:00─11:00 ས་གནས ། རྟ་རྒྱུག་ཐང་ །

༡༣ ཕྱུགས་ལས་ཐོན་རྫས་གླེང་མོལ་ཚོགས་འདུ།

དུས་ཚོད ། ཟླ༨པའི་ཚེས༧ཉིན ། 14:30─17:30 ས་གནས ། རྫོང་ཚོགས་འདུའི་ལྟེ་གནས།

༡༤ ས་འགྱོག་འགྲན་བསྡུར །

དུས་ཚོད ། ཟླ༨པའི་ཚེས༧ཉིན ། 15:30─18:00 ས་གནས ། རྟ་རྒྱུག་ཐང་ །

༡༥ མཁར་ནུབ་སྡེ་ཁུལ་གྱི་རིག་རྩལ་འཁྲབ་སྟོན །

དུས་ཚོད ། ཟླ༨པའི་ཚེས༧ཉིན ། 15:00─16:00 ས་གནས ། རྟ་རྒྱུག་ཐང་ །

༡༦ ལ་གཞས་འགྲན་བསྡུར །༼ རྟིང་རྩོད ། ༽

དུས་ཚོད ། ཟླ༨པའི་ཚེས༧ཉིན ། 19:30─24:00 ས་གནས ། རྟ་རྒྱུག་ཐང་ །

༡༧ རྟ་རྒྱུག་འགྲན་བསྡུར །༼ འདེམས་རྒྱུག ༽

དུས་ཚོད ། ཟླ༨པའི་ཚེས༧ ཉིན་གྱི་ཉིན་གང་བོར ། ས་གནས ། རྟ་རྒྱུག་ཐང་ །

༡༨ རྟ་རྒྱུག་དང་གཡག་རྒྱུག་འགྲན་བསྡུར །༼ རྟིང་རྩོད ། ༽

དུས་ཚོད ། ཟླ༨པའི་ཚེས༨ཉིན ། 9:00─13:00 ས་གནས ། རྟ་རྒྱུག་ཐང་ །

༡༩ རྩྭ་ཐང་གླུ་གར་ཚོགས་པའི་འཁྲབ་སྟོན།

དུས་ཚོད ། ཟླ༨པའི་ཚེས༨ཉིན ། 9:00─10:00 ས་གནས ། རྟ་རྒྱུག་ཐང་ །

༢༠ སྐོར་བྲོའི་འཁྲབ་སྟོན །

དུས་ཚོད ། ཟླ༨པའི་ཚེས༨ཉིན ། 14:00─15:00 ས་གནས ། རྟ་རྒྱུག་ཐང་ །

༢༡ མཇུག་བསྡུའི་བྱ་དགའ་གནང་བའི་མཛད་སྒོ །

དུས་ཚོད ། ཟླ༨པའི་ཚེས༨ཉིན ། 15:30─17:00 ས་གནས ། རྟ་རྒྱུག་ཐང་ །

༢༢ དམངས་སྲོལ་རིག་གནས་འགྲེམ་སྟོན །

དུས་ཚོད ། ཟླ༨པའི་ཚེས༦ནས་ཟླ༨པའི་ཚེས༨བར ། ས་གནས ། རྟ་རྒྱུག་ཐང་ །

གསར་འགོད་པ། གཅོད་པ་ཐར། བཀྲ་ཤིས་རྒྱལ།