2019ལོའི་ཐེམ་ཆེན་རྫོང་གི་དྲུག་པའི་ཀླུ་རོལ་ཡུལ་སྐོར་རིག་གནས་སྒྱུ་རྩལ་དུས་ཆེན་དང་ཐེམ་ཆེན་སེ་ལྡན་ནོར་ལུག་འོས་སྦྱོར་ཚོགས་འདུ་སྐབས་དང་བོ། བྲག་དཀར་ཐེམ་ཆེན་བྱེས་བགྲོད་རིག་གནས་བྱ་འགུལ་འགོ་རྩོམ་ལ་ཉེ།

2019ལོའི་ཟླ8པའི་ཚེས6ནས་ཚེས8བར། ཀྲུང་གུང་ཐེམ་ཆེན་རྫོང་ཨུ་དང་ཐེམ་ཆེན་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་གནང་བའི2019ལོའི་ཐེམ་ཆེན་རྫོང་གི་དྲུག་པའི་ཀླུ་རོལ་ཡུལ་སྐོར་རིག་གནས་སྒྱུ་རྩལ་དུས་ཆེན་དང་ཐེམ་ཆེན་སེ་ལྡན་ནོར་ལུག་འོས་སྦྱོར་ཚོགས་འདུ་སྐབས་དང་བོ། བྲག་དཀར་ཐེམ་ཆེན་བྱེས་བགྲོད་རིག་གནས་བྱ་འགུལ་བཅས་མི་འགྱང་བར་ཐེམ་ཆེན་རྫོང་ནས་སྤེལ་རྒྱུ་ཡིན་ཞིང་། ཐེངས་འདིའི་བྱ་འགུལ་གྱི་བརྗོད་བྱང་ལ་མཚར་སྡུག་གི་ལོ་ངོ་བདུན་ཅུ། མདུན་བསྐྱོད་ཀྱི་དུས་རབས་གསར་པ་ཞེས་བྱ་བ་རེད། 
དུས་ཆེན་གྱི་འབྲེལ་ཡོད་ནང་དོན་དང་དུས་ཚོད་བཀོད་སྒྲིག་གཤམ་གསལ། 

བྱ་འགུལ་གྱི་ནང་དོན ། ༡ MVབརྙན་རིས།ང་དང་ང་ཡི་མེས་རྒྱལ། འགོ་རྩོམ་པའི་མཛད་སྒོ ༼ རིག་རྩལ་འཁྲབ་སྟོན། ཚོང་འགུག་མཆན་འགོད ། ཤོམ་འགྲོ ། ༽
    ༢ ཐེམ་ཆེན་སེ་ལྡན་ནོར་ལུག་འོས་སྦྱོར་ཚོགས་འདུ་སྐབས་དང་བོ། བྲག་དཀར་ཐེམ་ཆེན་བྱེས་བགྲོད་རིག་གནས་བྱ་འགུལ།
    ༣ མི་རིགས་ཀྱི་གླུ་གར་འགྲན་བསྡུར ༼ ལ་གཞས་དང་སྐོར་བྲོའི་འགྲན་བསྡུར ༽།
    ༤ སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར། མདའ་རྩེད ། འཇུ་བ ། ས་འགྱོག གླང་ཆེན་ས་གཤག རྟ་རྒྱུག གཡག་རྒྱུག ༽ ༥ དམངས་སྲོལ་རིག་གནས་འགྲེམ་སྟོན ༼ སྦྲ་ནག ༽
    ༦ བྱ་དགའ་གནང་བའི་མཛད་སྒོ །



བྱ་འགུལ་གྱི་ནང་དོན་དང་དུས་ཚོད། ས་གནས་བཅས་གསལ་བའི་རེའུ་མིག །



གསར་འགོད་པ། གཅོད་པ་ཐར། བཀྲ་ཤིས་རྒྱལ།