ཚེ་སྲོག་ལ་གཅེས་སྤྲས་བྱེད་པའི་སྐོར། 6

(ལེ་ཚན་གོང་མའི་འཕྲོས་མཐུད།)

ལོག་ཆོས་ཀྱི་སྐོར།

ལོག་ཆོས་རིགས་མི་འདྲ་བ་སོ་སོའི་ཆོས་ལུགས་ཀྱི་དགོངས་དོན་མི་འདྲ་ཞིང་། གནམ་ལ་འཕྱར་བའི་དར་ཆ་ཡང་མི་འདྲ་བ་རེད། དེ་མིན་བྱ་འགུལ་སྤེལ་བའི་ཐད་ལ་ཡང་ཁྱད་པར་ཡོད། འོན་ཀྱང་བྱེ་བྲག་གི་ཁྱད་ཆོས་རེ་འགའ་ཡོད།

(དང་པོ། )ཆོས་ལུགས་དང་ཚན་རིག་གི་དར་ཆ་འཕྱར་ནས་བདེན་ལུགས་ལ་ལོག་འགྲེལ་དང་རྫུན་བཟོ་བྱེད་པ།

གང་ལྟར་ལོག་ཆོས་མང་ཤོས་ཀྱིས་ཆོས་ལུགས་ཀྱི་དགོངས་དོན་དང་ཚན་རིག་ཤེས་བྱའི་ཆ་ཤས་རེ་འགའ་བརྐུ་ལེན་དང་ཆ་ཤས་སྐོར་ཞིག་ལ་བཅོས་སྒྱུར་འཁྱོག་བཟོས་བྱས་ཡོད་པས། འཁྱོག་བཅོས་བྱས་པའི་ཆ་བཅས་མཉམ་བསྲེས་སྒོས“ཆོས་ལུགས་ཀྱི་ཆོས་སྲོལ་དང་དགོངས་དོན”གྲུབ་པར་བྱས་ཡོད། ཁོ་ཚོས་དེ་ལྟར་བྱེད་དོན་ནི་བདེན་ལུགས་ལོག་བཤད་དེར་ཆོས་ལུགས་དང་ཡང་ན་ཚན་རིག་གི་ཕྱི་ཤུན་བསྐོན་ནས་མགོ་སྐོར་རང་བཞིན་ཇེ་དྲག་སྒོས། ཁོངས་མི་དག་གི་བསམ་བློ་ལ་ཚོད་འཛིན་བྱེད་པའི་དམིགས་འབེན་དེ་འགྲུབ་ཆེད་ཡིན།

(གཉིས་པ།)ལོག་ཆོས་ཀྱིས་འགོ་བ་ལྷ་རུ་བཀུར་ནས་བསམ་བློར་ཚོད་འཛིན་བྱས་པ།

ལོག་ཆོས་རེ་འགས་རང་གི་འགོ་བ་དེ“སྤྲུལ་སྐུ”དང“ལུང་བསྟན་པ།”“ཡེ་ཤུ་གཉིས་པ”སོགས་སུ་བཀུར་ནས་མངོན་མཁྱེན་ལ་ཐོགས་པ་མེད་པར་མ་ཟད། འདས་པ་དང་ད་ལྟ། མ་འོངས་བ་བཅས་ཡོད་ཚད་རྟོག་པས་ཟིལ་ཤུགས་ལ་མཛད་མཐའ་མེད་པར་བཤད། ལོག་ཆོས་རེ་འགའི་འགོ་བས་རང་ཉིད་ནི“ལྷའི་ཞབས་གཡོག་པ”དང“ལྷའི་སྲས་པོ།”“ཡེ་ཤུའི་སྤྲུལ་བ”སོགས་ཡིན་པར་བཤད་ནས། ནད་བརྒྱ་དྲགས་སུ་འཇུག་པ་དང་མི་ཤི་བ་སླར་གསོན་དུ་འཇུག་པར་བཤད་པས། ལོག་ཆོས་ཁོངས་མི་དག་གི་སེམས་སུ་ངོ་མས་ཡ་མཚན་ཅན་ཞིག་ཡིན་པར་སེམས་ནས་ཁོར་གོང་བཀུར་དང་བསམ་བློའི་ཚོད་འཛིན་ལག་བསྟར་བྱེད་དུ་བཅུག་པ་རེད།

(གསུམ་པ།)གསང་བའི་རྩ་འཛུགས་བཙུགས་སྟེ་ཁྲིམས་འགལ་གྱི་བྱེད་སྒོ་སྤེལ་བ།

ལོག་ཆོས་རྩ་འཛུགས་ཀྱིས་བྱེད་སྒོ་སྤེལ་དུས་མང་ཤོས་ནི་ལྐོག་ལྐོག་སིད་སིད་དང་ལྐོག་ནས་སྒྲུབ་བཞིན་ཡོད་པས། བྱ་སྤྱོད་ཡ་མཚན་དང་ལྐོག་གྱུར་ཅན་ཞིག་ཡིན། ཁོ་ཚོའི་བྱེད་སྒོ་མང་ཤོས་ནི་ཅུང་མཐའ་འཁོར་གྱི་གནས་སུ་ནམ་གུང་ལ་སྤེལ་བ་མ་ཟད། ཆེད་དུ་ཕེབས་བསུ་སྐྱེལ་ལེན་བྱེད་པར་མི་མངགས་ཤིང་སོ་བ་མང་པོ་བཞག་ཡོད། ལོག་ཆོས་ལ་ལས་སྒྲིག་སྲོལ་གཏན་ཁེལ་བྱས་ཤིང་། ཁོངས་མི་དག་གིས་རང་གི་དངོས་མིང་མི་བཀོལ་བར“གསང་མིང”གི་བརྡ་རྟགས་ལ་བརྟེན་ནས་ཕན་ཚུན་ལ་འབྲེལ་གཏུག་བྱེད་བཞིན་ཡོད། ད་རུང་ལ་ལས་ས་འོག་རྩ་འཛུགས་མ་ལག་གསར་འཛུགས་ཀྱིས་ནང་ཁུལ་གྱི་སྒྲིག་ཁྲིམས་གོ་རིམ་ཧ་ཅང་བཙན་པས་ཁོངས་མི་དག་གིས་ལོག་ཆོས་སྤེལ་མཁན་འགོ་བའི་བཀའ་མ་བརྩིས་ན་ལོག་ཆོས་ཀྱི་རྩ་འཛུགས་ལ་རྒྱབ་འགལ་བྱེད་པའི་ངོ་ལོག་པར་བརྩིས་ནས་ཕྱིར་སྐྱོད་གཏན་འགོག་བྱས་ཡོད།

(བཞི་པ།)བྱེད་ཐབས་འདྲ་མིན་སྣ་ཚོགས་ལ་བརྟེན་ནས་རྒྱུ་ནོར་གཡོ་ལེན་བྱེད་པ།

ལོག་ཆོས་ཀྱིས“ཁོངས་མི་དག་གི་བྱས་རྗེས་ཡོད་ཚད་ཀྱིས་ཆོས་དཔོན་གྱི་དགོངས་དོན་འགྲུབ་པའི”བླང་བྱ་བཏོན་ཡོད་ལ། “བྱས་རྗེས”བཞག་པ་ཇི་ལྟར་མང་ན། དེ་ལྟར“བདེ་པའི་ཁམས”ཐོབ་པ་མང་ཞིང་། “དྲིན་ལན”ཡང་མང་པར་བཤད། ལ་ལས་མགོ་སྐོར་དང་འཇིགས་སྐུལ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཁོངས་མི་དག་ལ་རིན་ཐང་སྐར་གང་ཡང་མེད་པའི“ལྷ་ཆབ”དང“ལྷ་རྫས”སོགས་ཕྱིར་འཚོང་བྱེད་དུ་བཅུག་སྟེ། “ནད་བརྒྱ་སྨན་གཅིག་དང་བདེ་སྐྱིད་ལྡན་པ། ”“གོ་གནས་འཕར་བ”སོགས་ཀྱི་འུད་བསྟོད་ཀྱིས་དེའི་ཁྲོད་ནས་ཁེ་སྤོགས་འབོར་ཆེན་ལེན་བཞིན་ཡོད།

(ལྔ་པ།)“བསྐལ་བ་འཇིགས་པའི་དུས་ལ་སླེབས་པ”བསྒྲགས་པ།

“བསྐལ་བ་འཇིགས་པའི་དུས་ལ་སླེབས་པ”དང“ཆག་སྒོ་ཆེན་པོ་འབྱུང་ཉེན་ཆེ་བ”སོགས་ཀྱི་ལོག་བཤད་རྫུན་བཟོ་བྱས་ཏེ། མང་ཚོགས་ལ་འཇིགས་སྐུལ་དང་མགོ་སྐོར་གཏོང་བའི་བྱེད་ཐབས་ཤིག ཁོ་ཚོའི་ཁྲོད་ཀྱི་ལ་ལས་སའི་གོ་ལ་འགས་གཏོར་བྱུང་བར་བཤད་ལ། ལ་ལས་སའི་གོ་ལ་མེ་དཔུང་དུ་འགྱུར་རྒྱུ་ཡིན་པ། ཡང་ལ་ལས་ཆུ་ལོག་གིས་ཅང་མི་འགོར་བར་འཇིག་རྟེན་ཧྲིལ་བོ་ནུབ་རྒྱུ་ཡིན་པ་སོགས་ཀྱི་འཇིགས་སྐུལ་རྫུན་བཟོ་བྱེད་པ་རེད། དེའི་འཕྲོར་རང་ཉིད“འཇིག་རྟེན་སྐྱོབ་པའི་བདག་པོ”ཡིན་པ་དང་། འཇིག་རྟེན་འདིར་མིའི་རིགས་ཧྲིལ་བོ“མྱུར་སྐྱོབས”མཁན་ཡིན་པས་གལ་ཏེ་ཁོ་ཚོའི་སྐད་ཆ་ལ་ཉན་ན་སྐྱོབས་ཐུབ་པ་དང་བར་སྣང་ལ་འཕུར་བ། སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་ཐུབ་པར་བཤད།

(དྲུག་པ།)སྲིད་གཞུང་ལ་ངོ་རྒོལ་དང་སྤྱི་ཚོགས་དགྲ་རུ་འཛིན་པ།

ལོག་ཆོས་ཀྱིས་ནམ་ཡང་ཁོངས་མིར་ངན་སྐུལ་བྱས་ཏེ་སྲིད་གཞུང་དང་སྤྱི་ཚོགས་ལ་མི་འདོད་པའི་ངན་སྨྲས་བྱེད་པ་རེད། ལོག་ཆོས་ལ་ལས་མངོན་སུམ་འཛེམ་མེད་སྒོས“སྲིད་གཞུང་མགོ་རྟིང་བསློགས་པ་དང་སྲིད་དབང་འཕྲོག་སྟེ་ལྷའི་རྒྱལ་ཁབ་གསར་འཛུགས་བྱེད་དགོས”པའི་དར་ཆ་འཕྱར་ནས། སྲིད་གཞུང་དང་སྤྱི་ཚོགས་ལ་ངོ་རྒོལ་བྱེད་པའི་བྱ་འགུལ་སྤེལ་བ་རེད། ལ་ལས་སྤྱི་ཚོགས་སྟེང་གི་རུལ་སུངས་ཀྱི་སྣང་ཚུལ་རེ་འགའ་དང་དབུལ་ཕྱུག་གི་ཁྱད་པར་སོགས་སྤྱི་ཚོགས་ཀྱི་གནད་དོན་བེད་སྤྱད་དེ། ཏང་དང་མི་དམངས་ཀྱི་འབྲེལ་བར་དབྱེན་དཀྲུག་བྱེད་པ། སྤྱི་ཚོགས་ཀྱི་བརྟན་འཇགས་ལ་གནོད་འཚེ་གཏོང་བ་རེད། ལ་ལས་རང་བྱུང་གི་གནོད་འཚེ་དེ་འུད་སྒྲོག་བྱས་ནས་མང་ཚོགས་ལ་སྲིད་གཞུང་ལ་ངོ་རྒོལ་བྱེད་པར་ངན་སྐུལ་བྱེད་པ་རེད།

མུ་འགོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།