ཚེ་སྲོག་ལ་གཅེས་སྤྲས་བྱེད་པའི་སྐོར། 5

(ལེ་ཚན་གོང་མའི་འཕྲོས་མཐུད།)

ཕྱི་རོལ་དུ་ཞོར་ལས་ལ་འགྲོ་བའི་སྐྱེས་པ་ཞིག་གི་བཟའ་ཟླས་རང་གི་སྐྱ་ཡ་ལ་སྤྲིངས་པའི་འཕྲིན་ཡིག་ཅིག

XXX:

འུ་ཚང་གི་འཚོ་བའི་ཆ་རྐྱེན་སྔར་ལས་ཇེ་ལེགས་ཇེ་རྒྱས་སུ་འགྲོ་ཆེད། ཁྱོད་ཀྱིས་ཡང་བསྐྱར་རྡོག་ཁྲེས་རྒྱབ་ལ་ཁུར་ཏེ་ལམ་ལ་ཆས་སོང་། རང་ཉིད་ལ་ཆ་རྒྱུས་ཧ་ཅང་ཆེ་བའི་ཁྱོད་ཀྱི་རྒྱབ་གཟུགས་དེ་རིམ་བཞིན་ངའི་མིག་ལམ་ནས་རྒྱང་ལ་ཡལ་དུས། ངས་ལག་པས་ཐལ་མོ་སྦྱར་ཏེ། རང་གི་སྙིང་ཉེ་བའི་མཛའ་བོ་དེར་ཁམས་བདེ་དང་བདེ་ཐང་། སྤྲོ་སྐྱིད་འོངས་པའི་སྨོན་ལམ་འདེབས་བཞིན་ཡོད།

ལོ་གང་མང་ཞིག་གི་རིང་ལ། ཁྱོད་ཀྱིས་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་དཀའ་སྡུག་མྱངས་སྟེ་ངལ་རྩོལ་བྱས་པ་མ་ཟད། ཟས་ངན་ངོན་ལ་རོལ་བཞིན་འདུག་གནས་ལ་ངེས་གཏན་མེད་པ་དེ་ངའི་མིག་ལམ་ལ་ཤར་འོངས་ཤིང་ནང་སེམས་ལ་བརྐོས་ཡོད་པས། ངས་སེམས་དང་བསམ་པའི་གཏིང་ནས་ཁྱོད་ཀྱིས་དཀའ་ལས་མྱངས་སོང་ཞེས་བཤད་འདོད། ང་ཚོ་ཁ་གྱེས་པའི་ཉིན་མོ་དེ་ནས་བཟུང་ཁྱོད་ལ་ནམ་རྒྱུན་ཁེར་རྐྱང་དང་སུན་སྣང་གི་ཚོར་བ་ཡོད་མྱོང་པས། ཁྱོད་ཀྱིས་བཤད་ན། ཁེར་རྐྱང་གི་དུས་སུ་ཕ་ཡུལ་ཧ་ཅང་དྲན་འོངས་ཟེར། ཁྱོད་ཀྱིས་ད་རུང་སུན་སྣང་གི་དུས་ལ་རང་ཉིད་རྨོངས་འཐོམས་པར་འགྱུར་ངེས་ཟེར། ཁྱོད་ཀྱིས་བཤད་པ་དེ་དག་དོན་དངོས་ཡིན་པའི་ཡིད་ཆེས་ང་ལ་ཡོད། དྲང་མོར་བཤད་ན། ཁྱོད་རང་ཡུལ་དུ་མེད་པའི་ཉི་མ་རེ་རེར་ཁྱོད་ནི་ངེད་ཁྱིམ་མི་གང་བོའི་དྲན་གདུང་དང་སེམས་ཁུར་བྱེད་ས་མ་ཡིན་ནམ། ཕྱི་རོལ་གྱི་འཇིག་རྟེན་ཏུ་གང་སར་བསླུ་བྲིད་ཀྱིས་ཁེབས་ཡོད་པས། ཁྱོད་རང་ངལ་རྩོལ་གྱིས་དུབ་ནས་ཁེར་རྐྱང་གི་གདུང་བ་བཟོད་དཀའ་བའི་ཉི་མ་རེ་རེར། ངས་ཁྱོད་ཀྱིས་རང་ཉིད་ལ་བློ་འགྱོད་ཆེ་བའི་དོན་དག་གང་རུང་ཞིག་སྒྲུབ་པར་དོགས་པ་མ་ཟད། ཁྱོད་རང་ཉིད་དང་ཁྱིམ་མི་དག་གི་མི་ཚེ་ཧྲིལ་བོ་སྡུག་བསྔལ་ལ་སྦྱོར་བའི་ལས་གཉེར་བར་དོགས་པའི་སེམས་ཁུར་ཡང་བྱས་མྱོང་། དེ་ལྟར་བྱས་ཚེ་ཁྱོད་ཀྱིས་བརླག་ཟིན་པ་ནི་རང་ཉིད་ཁོ་ནའི་ཚེ་སྲོག་ཙམ་ག་ལ་ཡིན། ངས་ཁྱོད་རང་མེད་པའི་འཚོ་བ་ལ་ཕྱིར་འདང་གཏན་ནས་རྒྱག་མི་ཕོད། ངེད་ཕ་མ་གཉིས་ཀར་བུ་ཕྲུག་མེད་ན་མི་ཆོག་ལ། ང་ཚོའི་བྱིས་པ་དག་ལ་ཡང་ཕ་མ་མེད་ན་ག་ལ་ཆོག ཁྱོད་མེད་ན། ང་ལ་མཛའ་མཐའ་མེད་པའི་རྒྱུ་ནོར་ཡོད་ན་ཡང་ཅི་ཞིག་བྱ། ད་ལྟའི་མི་རྣམས་ཀྱིས་བཤད་ན་བདེ་ཐང་ནི་གཙོ་བོ་ཡིན་པས་ལུས་པོ་བདེ་ཐང་མིན་ཚེ་ལས་ཅི་ཞིག་སྒྲུབ་ན་ཡང་བྱས་རྗེས་ཡོད་མི་སྲིད་ཟེར། ཁྱོད་ཀྱིས་ཁེར་རྐྱང་གི་དུས་སུ་གླུ་དབྱངས་ལ་ཉན་ཞོར་གླུ་དབྱངས་བླངས་ཆོག་ལ། དེ་མིན་ཚགས་པར་དང་དུས་དེབ་ལ་བལྟ་བ། ད་རུང་ལས་བཟོ་པ་ཚོ་དང་མཉམ་དུ་འགྱིག་འདེད་པ་དང་ཁ་བརྡ་བྱེད་པ་བཅས་བྱ་ཆོག ཡང་མིན་ན་ཁྱོད་ཀྱིས་འུ་ཚང་གི་ཁྱིམ་མི་ལྷན་འཛོམས་འདྲ་པར་ལ་བལྟས་ནས་ང་ལ་བརྡ་འཕྲིན་བསྐུར་བ་དང་སེམས་གཏམ་བཤད་ན་ཡང་ཆོག ཕན་ཚུན་གྱི་དྲན་གདུང་ཟབ་མོ་དེས་ངེད་གཉིས་བར་གྱི་བརྩེ་བ་སྔར་ལས་ཇེ་ཟབ་དུ་གཏོང་ཐུབ་ལ། ཕན་ཚུན་བར་གྱི་འབྲེལ་འདྲིས་ཟབ་མོ་དེས་ངེད་གཉིས་བར་གྱི་དྲན་གདུང་གི་ཡིད་མུག་དེ་ཡང་སེལ་ཐུབ། ང་ཁྱོད་ལ་ཡིད་ཆེས་ཡོད། འུ་ཚང་གི་ཁྱིམ་མིའི་བདེ་སྐྱིད་ཀྱི་ཆེད་དུ། ཁྱོད་ཀྱིས་ངེས་པར་དུ་རང་སྲུང་རང་བདག་བྱས་ཏེ་དགའ་སྤྲོའི་ངང་ནས་ཕ་ཡུལ་དང་བྲལ་ཏེ་སོང་ན་ཡང་། བདེ་འཇགས་དང་སྤྲོ་སྣང་ངང་ཕྱིར་རང་ཡུལ་ལ་སླེབས་སྲིད།

རེད་ཡ། མཇུག་མཐར་བཅོལ་གདམས་བྱེད་རྒྱུ་ཞིག་ལ། ངེས་པར་དུ་བདེ་འཇགས་ཀྱི་འདུ་ཤེས་ལ་མཉམ་འཇོག་སྒོས་རང་ལུས་ལ་བདག་སྐྱོང་བྱེད་དགོས། ང་ཚོས་ཁྱོད་ཕྱིར་ཕ་ཡུལ་དུ་ལོག་ནས་ཁྱིམ་མི་ལྷན་འཛོམས་འོངས་པར་རེ་སྒུག་བྱས་ཡོད།

བྱིས་པའི་ཨ་མ(ཨ་ཕ)ནས།


བུད་མེད་ལ་གཅེས་སྐྱོང་བྱས་ཏེ་ལོག་ཆོས་གཏན་འགོག་བྱེད་དགོས།

ཅི་ཞིག་ལ་ལོག་ཆོས་ཟེར།

ལོག་ཆོས་ཀྱིས་རྒྱལ་ཕུང་དམངས་གནོད་དུ་གཏོང་སྲིད། ལོག་ཆོས་སྔོན་འགོག་དང་མེད་པར་གཏོང་དགོས་ན། ཐོག་མར་ངེས་པར་དུ་ལོག་ཆོས་ལ་གོ་བ་གསལ་བོ་ལེན་དགོས། དེས་ན་ཅི་ཞིག་ལ་ལོག་ཆོས་ཟེར་རམ་ཞེ་ན། “ཆོས་ལུགས་དང་རྩ་རླུང་། ཡང་ན་མིང་གཞན་པར་བརྟེན་ནས་ལྷའི་གོ་འཕང་ཅན་གྱི་འགོ་བ་ཞིག་གསར་འཛུགས་བྱས་ཏེ་བཀོལ་སྤྱོད་དང་གསར་བཟོ། རྨོངས་དད་བཅས་ཀྱིས་ལོག་བཤད་དར་སྤེལ་གཏོང་བའི་བྱེད་ཐབས་ལ་བརྟེན་ནས་མི་གཞན་པར་མགོ་སྐོར་དང་བསླུ་བྲིད་གཏོང་བ། ཁོངས་མི་ཇེ་མང་དུ་བཏང་སྟེ་སྤྱི་ཚོགས་ལ་ཚོད་འཛིན་དང་གནོད་སྐྱོན་བཟོ་བའི་ཁྲིམས་འགལ་གྱི་རྩ་འཛུགས་ཤིག་ཡིན། ”ཧ་ཅང་སྟབས་བདེའི་སྒོ་ནས་བཤད་ན།

——མི་རྣམས་ཀྱི་ལས་ཀར་འགོར་འགྱངས་དང་ཞིང་ས་སྟོང་བ་བསྐྱུར་བ། ཁྱིམ་ཚང་དོར་བ། སློབ་སྦྱོང་བསྐྱུར་བ་བཅས་ཀྱིས“ཚོགས་སྤྱི”གང་དེར་ཡིད་ཆེས་བྱེད་པ་ནི་ལོག་ཆོས་ཡིན།

——རྔ་སིལ་འབུད་བཀྲོལ་གྱིས“ཆོས་ལུགས”དེར་ཞུགས་པ་ན་ནད་དྲགས་ཐུབ་པ། ཆག་སྒོ་དང་དཀའ་ཁག་སེལ་ཐུབ་པར་བཤད་པ་ནི་ལོག་ཆོས་ཡིན།

——“བསྐལ་བ་འཇིགས་པའི་དུས”ལ་སླེབས་པ་དྲིལ་སྒྲོག་བྱས་ནས། གལ་ཏེ་ཁོ་ཚོའི་རྩ་འཛུགས་ཀྱི་ནང་དུ་ཞུགས་པ་ན་ད་བཟོད་སྐྱོབས་ཐུབ་པར་བཤད་པ་ནི་ལོག་ཆོས་ཡིན།

——བུད་མེད་ལ་མགོ་སྐོར་དང་བཙན་བཙུགས་ནས་ཆོས་དཔོན་གྱི་བརྙས་བཅོས་ཐེབས་པ་ནི་ལོག་ཆོས་ཡིན།

——སྲོལ་རྒྱུན་གྱི་ཆོས་ལུགས་དེ་དུས་བརྒལ་བྱས་ཟིན་པས། “ལྷ”གསར་བ་ཞིག་ལ་ཡིད་ཆེས་བྱེད་དགོས་པར་བཤད་པ་ནི་ལོག་ཆོས་ཡིན།

——ཁྲིམས་འགལ་འདུ་རུབ་ཀྱིས་ལྷ་མིན་འདྲེ་མིན་དང་ངུ་མིན་དགོད་མིན་གྱིས་ཡར་ལྡིང་མར་ལྡིང་བྱེད་པ་དེ་ཡང་ལོག་ཆོས་ཡིན།

——མི་རྣམས་ལ་མགོ་སྐོར་བཏང་སྟེ་ཁོ་ཚོའི་རྩ་འཛུགས་ནང་དུ་ཞུགས་པར་ངན་སྐུལ་བྱེད་པ་དེ་ཡང་ལོག་ཆོས་ཡིན།

——ནང་ལ་ཞུགས་རྗེས་ཕྱིར་བུད་མི་ཆོག་པ་དེ་ཡང་ལོག་ཆོས་ཡིན།

——“ལྷའི”མིང་ལ་བརྟེན་ནས་ཁོངས་མིར་ངན་སྐུལ་བྱས་ཏེ་སྲིད་གཞུང་ལ་ངོ་རྒོལ་བྱེད་པ་དེ་ཡང་ལོག་ཆོས་ཡིན།

——སྤྱི་ཚོགས་དང་སྲིད་གཞུང་། སྤྱིར་བཏང་གི་མང་ཚོགས་ཡོད་ཚད“གདོན་འདྲེ”རུ་སེམས་པ་དེ་ནི་ལོག་ཆོས་ཡིན།

——ཆོས་ལུགས་དང་ཚན་རིག་གི་དར་ཆ་འཕྱར་ནས་བདེན་ལུགས་རྫུན་བཟོ་བྱེད་པ་དེ་ཡང་ལོག་ཆོས་ཡིན།

——བྱེད་ཐབས་འདྲ་མིན་སྣ་ཚོགས་ལ་བརྟེན་ནས་རྒྱུ་ནོར་གཡོ་ལེན་བྱེད་པ་དེ་ནི་ལོག་ཆོས་ཡིན།

——གསང་བའི་རྩ་འཛུགས་བཙུགས་སྟེ་ཁྲིམས་འགལ་གྱི་བྱ་འགུལ་འདྲ་མིན་སྣ་ཚོགས་སྤེལ་བ་དེ་ནི་ལོག་ཆོས་ཡིན།

མུ་འགོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།