མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས“ཐོག་མའི་བསམ་འདུན་མི་བརྗིད། འགན་འཁྲི་ཡིད་ལ་དམ་འཛིན”གྱི་བརྗོད་དོན་སློབ་གསོའི་བསམ་འཆར་བསྡུ་ལེན་གྱི་བཞུགས་མོལ་ཚོགས་འདུ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ7པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི“ཐོག་མའི་བསམ་འདུན་མི་བརྗིད། འགན་འཁྲི་ཡིད་ལ་དམ་འཛིན”གྱི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི“ཐོག་མའི་བསམ་འདུན་མི་བརྗིད། འགན་འཁྲི་ཡིད་ལ་དམ་འཛིན”གྱི་བརྗོད་དོན་སློབ་གསོའི་བསམ་འཆར་བསྡུ་ལེན་གྱི་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འགོ་ཁྲིད་ཚན་ཁག་ཁོངས་མིའི་བསམ་འཆར་ལ་ཉན་པར་མ་ཟད། སྤུས་ཚད་མཐོ་བའི་སྒོ་ནས་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུ་བར་སྟ་གོན་གང་ལེགས་བྱས། བློ་མཐུན་རྒན་པ་པདྨ་ཚོགས་འདུར་ཞུགས་ནས་གཏམ་བཤད་པ་རེད།

བཞུགས་མོལ་དངོས་ཀྱི་སྐབས་སུ། ཅ་ཀོ་མེན་དང་ཀྲང་ཀོང་རུང་། ཝང་ལིས་མེན། ཏུའུ་ཅེ། ཉི་མ་སྒྲོལ་མ། ཉེའོ་ཁྲིན་ཡོན། ཀྲང་ཝུན་ཁོས། ཝུན་ཁོ་ཏུང་། ཝུའུ་ཏི་ཅུན། ཝུའུ་ཡུས་ཀྲང་སོགས་ཀྱིས་སྔ་གཞུག་བྱས་ཏེ་གཏམ་བཤད་ནས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཚན་ཁག་དང་ཁོངས་མིར་བསམ་འཆར་བཏོན་པ་རེད།

ཚང་མའི་གཏམ་བཤད་ལ་ཉན་རྗེས། ཝང་ཅན་ཅུན་གྱིས་ཚང་མས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་ལ་ཁོང་ཡངས་དང་སྐུལ་ལྕག་གནང་བར་ཐུགས་རྗེ་ཆེ་ཞུས། ཁོས་བཤད་རྒྱུར། སྒོ་ཕྱེ་ནས་གསལ་འདེབས་དང་ལེན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་ཉན་པ་ནི་ཏང་ཀྲུང་དབྱང་གིས“ཐོག་མའི་བསམ་འདུན་མི་བརྗིད། འགན་འཁྲི་ཡིད་ལ་དམ་འཛིན”བརྗོད་དོན་ཡིན་པའི་སློབ་གསོ་སྤེལ་བའི་བླང་བྱ་ཁ་གསལ་ཞིག་ཡིན་ལ། འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པར་གནས་པའི་གནད་དོན་བཙལ་འཚོལ་ཡང་དག་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན། ཚང་མས་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་རྩ་བའི་ལས་འགན་དང་། སྤྱིའི་བླང་བྱ། བྱེ་བྲག་གི་དམིགས་ཚད་བཅས་ལ་དམིགས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམིགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམིགས་པ། ཞིང་ཆེན་ཏ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚན་ཁག་དང་ཁོངས་མིའི་བྱ་བའི་དོན་དངོས་ལ་དམིགས་པ། རིན་ཐང་ལྡན་ལ་བསམ་གཞིགས་ཀྱང་ཡོད་པའི་བསམ་འཆར་དང་གྲོས་འགོ་མང་པོ་བཏོན་པ་བཅས་ནི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་དང་རྒྱབ་སྐྱོར་ཆེན་པོ་གནང་བ་རེད་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཚང་མས་ང་ཚོ་ལ་བསམ་འཆར་བཏོན་པ་ནི་ང་ཚོ་ལ་ཡིད་ཆེས་བཅངས་པ་དང་ལས་དོན་ལ་འགན་ཁུར་སྟངས་ཤིག་ཡིན་པས། ང་ཚོས་ངེས་པར་དུ་ནན་ཏན་སྒོས་བྱེད་ཕྱོགས་བསྒྱུར་ནས། ཀུན་གྱི་རེ་བ་སྟོང་ཟད་དུ་གཏོང་མི་རུང་བར་མ་ཟད། “ཐོག་མའི་བསམ་འདུན་མི་བརྗེད། འགན་འཁྲི་ཡིད་ལ་དམ་འཛིན”གྱི་བརྗོད་དོན་སློབ་གསོར་གྲུབ་འབྲས་ལྗིད་ཏིག་ཏིག་ཅིག་ལེན་ཐུབ་པར་སྐུལ་འདེད་བཏང་ནས། མཚོ་སྔོན་གྱི་བྱ་བ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་གཏང་དགོས་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཝང་ཡུས་ཡན་དང་ཡུས་ཚུང་ལི། བློ་མཐུན་རྒན་པ་མུའུ་ཏུང་ཧྲིན། ཀོན་ལེ། ཚའོ་ཧུང་། ཡུའེ་ཧྲི་ཧྲུའུ་སོགས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།