ཚེ་སྲོག་ལ་གཅེས་སྤྲས་བྱེད་པའི་སྐོར། 4

(ལེ་ཚན་གོང་མའི་འཕྲོས་མཐུད།)

སྲོལ་རྒྱུན་གྱི་དུག་རྫས།

ཉལ་ཐ། དེ་ནི་མེ་ཏོག་རྒྱ་མན་བཙོ་སྦྱངས་བྱས་པ་ལས་བྱུང་བ་ཡིན་ལ། དབྱིངས་ཞུགས་སླ་ཤིང་མི་ལུས་ལ་གནོད་འཚེ་ཆེན་པོ་ཐེབས་ངེས།

མ་ཧྥེ། དེ་ནི་ཉལ་ཐ་ལས་གྲུབ་པ་ཡིན་ལ། དེའི་ཁྲོད་དུ་བཟི་རྫས་ཀྱི་སྨན་ནུས་ནི་ཉལ་ཐའི་ལྡབ10-20བར་ཡིན་པས། ཀླད་པའི་སྐྱི་ལྤགས་ལ་བཟོད་བསྲན་བྱེད་ནུས་ཐེབས་ནས་དུག་གི་དབྱིངས་ཞུགས་ངེས།

ཧའེ་ལོ་དབྱིན། བསྡུས་མིང་ལ“དུག་ཕྱེ”ཟེར། དུས་ཡུན་རིང་བོར་ཟས་སུ་རྔུབ་པ་དང་ཧའེ་ལོའུ་དབྱིན་རྩ་ལམ་དུ་བརྒྱབ་ན་ནད་རིགས་འདྲ་མིན་སྣ་ཚོགས་སྐྱེད་དེ་ཐ་ན་འཆི་བ་ཡང་ཡོད།

སོ་མ་ར་ཙ། དེ་ནི་སོ་མ་ར་ཙའི་རྩི་ཤིང་གི་ཁོངས་སུ་གཏོགས་པ་དང་དེའི་འདུས་ཚད་ལ་ཅིན་བཞིའི་སོ་མ་ར་ཙའི་སྟེ། བསྡུས་མིང་ལ“སྟོང་སྣང་དུ་བ”ཡང་ཟེར། སོ་མ་ར་ཙ་འཐེན་དྲགས་ན་མིའི་ཀླད་པའི་བྱེད་ནུས་ཉམས་སྟེ་སྙིང་གི་འཕར་ལྡིང་མགྱོགས་པ་དང་རིམས་འགོག་ནུས་པ་མར་འགྲིབ་ངེས།

ཁུ་ཁ་དབྱིན། དེ་ནི་གནའ་བོའི་ལྗོན་པའི་ལོ་འདབ་ལས་བླངས་ཤིང་། སྤྱིར་བཏང་དུ་དཀར་པོ་དང་ཐལ་མདོག་བྱེ་མ་སྟེ་དམིགས་གསལ་གྱི་དྲི་མ་ཞིག་ཡོད་པས། བཟི་ཚད་དྲགས་པའི་སྨན་རྫས་ཤིག་ཡིན། དེས་དབང་རྩའི་མ་ལག་གཙོ་བོར་དུག་ནུས་ཆེན་པོ་དང་སྒལ་གཞུང་ལ་ཟུག་གཟེར་སྐྱེད་པ། ཐ་ན་དབང་རྩ་ཧྲིལ་བོར་ཚོད་འཛིན་ཐེབས་ནས་རྔུབ་ལེན་ཉམས་རྒུད་དུ་སོང་སྟེ་འཆི་སྲིད།

མཉམ་བསྲེས་དུག་རྫས་ནི་ཇི་འདྲ་ཞིག་ཡིན་ནམ།

ཡོངས་གྲགས་ཀྱིས་བརྗོད་པའི་མཉམ་བསྲེས་དུག་རྫས་ནི་ཉལ་ཐ་དང་ཧའེ་ལོ་དབྱིན་སོགས་སྲོལ་རྒྱུན་གྱི་དུག་རྫས་ལ་བསྟུན་ནས་ལྟོས་བཅོས་ཀྱིས་བཤད་པ་ཡིན་ལ། གཙོ་བོ་མིས་རྩོལ་བས་རྫས་འགྱུར་མཉམ་བསྲེས་བྱས་པའི་སྟོང་སྣང་གཤེར་གཟུགས་དང་ངར་སྐྱེད་གཤེར་གཟུགས་རིགས་ཀྱི་དུག་རྫས་ཡིན་པས། དེ་ནི་རྒྱལ་སྤྱིའི་དུག་འགོག་སྤྱི་ཆིངས་དང་རང་རྒྱལ་བཅའ་ཁྲིམས་ཀྱིས་གཏན་འབེབས་ལྟར་རྩིས་སྤྲོད་བདག་དོམ་བྱས་ཡོད། དེའི་བྱེད་ནུས་ནི་མིའི་དབང་རྩའི་མ་ལག་ལ་ངར་ཤུགས་སྐྱེད་པ། དབང་རྩའི་མ་ལག་ལ་ཚོད་འཛིན་བཅས་ཐེབས་སྲིད་པས་མུ་མཐུད་དུ་བེད་སྤྱོད་བྱས་ན་མིའི་སེམས་ཁམས་ཐད་ལ་གནོད་སྐྱོན་ཐེབས་པའི་སྨན་རྫས(དུག་རྫས)ཤིག་ཡིན།

ད་ལྟ་རང་རྒྱལ་དུ་དར་ཁྱབ་ཆེ་པའི་མགོ་གཡུག་རིལ་བུ་སོགས་རྣམ་པ་གསར་བའི་དུག་རྫས་མང་པོ་ཞིག་སྤྲོ་སྐྱིད་གླིང་དུ་བྱུང་བཞིན་ཡོད། དེའི་རྐྱེན་གྱིས་མིང་གཞན་ལ“རོལ་རྩེད་གླིང་གི་དུག་རྫས”དང“ཁམས་གཡེང་དུག་རྫས”“གུང་གསེང་དུག་རྫས”སོགས་སུ་འབོད་པ་རེད།

མགོ་གཡུག་རིལ་བུ། རིག་གཞུང་གི་མིང་ལ་ཡ་གཉིས་ཀ་བའི་ཅི་ཧྲང་པུན་ག་བའི་ཨན་ཟེར་ཞིང་། རྣམ་པ་ནི་ཁ་དོག་མི་འདྲ་བའི་རིལ་བུ་དང་ལེབ་མོ་གཉིས་ཀ་ཡོད་པས་སྟོང་སྣང་གི་ཚོར་ཤེས་སྟེར་བའི་པུན་ག་བའི་ཨན་རིགས་ཀྱི་ངར་སྐྱེད་བསྡུས་མིང་ཡང་ཡིན། དེ་ཟོས་རྗེས་མགོ་མཇུག་མེད་པར་འགུལ་སྟངས་བསྐྱར་ཟློས་དང་སྟོང་སྣང་བྱུང་བ། ཧམ་སེམས་ཀྱི་གནས་བབ་བཅས་ཀྱིས་སྙིང་ཁམས་དབྱེ་ཕྲལ་དང་སྙིང་གི་ལྡིང་ཚད་མི་མཉམ་པ་སོགས་ཀྱི་ནད་རིགས་འབྱུང་ངེས།

འཁྱག་ལེབ་དུག་རྫས། རིག་གཞུང་གི་མིང་ལ་ཅི་ཀ་བའི་ཕུན་ཨན་ག་བ་ཟེར། དེའི་ཕྱིའི་རྣམ་པ་ནི་འཁྱག་ལེབ་དང་འདྲ་བས་ཡོངས་ཁྱབ་ཀྱི་མིང་ལ“འཁྱག་ལེབ་དུག་རྫས”ཟེར། དེར་དབང་རྩའི་མ་ལག་གཙོ་བོར་ངར་ཤུགས་སྐྱེད་པའི་བྱེད་ནུས་ལྡན་ཞིང་དུག་ནུས་ཧ་ཅང་ཆེ། དེས་མིའི་རྣམ་རིག་རྡིབ་དུ་འཇུག་པ་དང་སྤྱོད་པ་ལ་ཚོད་འཛིན་མི་ཐུབ་པས། མི་ལུས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་སྲིད།

དུག་འཐེན་པའི་གནོད་འཚེ།

དུག་འཐེན་གྱིས་མི་སྒེར་ལ་ཐེབས་པའི་གནོད་འཚེ།

དུག་འཐེན་ན་ལུས་སེམས་ཀྱི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་ཐེབས་པ་མ་ཟད། མྱུར་དུ་འཆི་སྲིད།

དུག་འཐེན་ན་མི་གཤིས་གྱོང་བོ་དང་རང་གི་ཕུགས་འདུན་བརླག་སྲིད།

དུག་འཐེན་ན་ནང་རྨས་དང་རང་སྲོག་གཅོད་པ་སོགས་ཀྱི་བྱ་སྤྱོད་སྤེལ་སྲིད།

དུག་འཐེན་ན་ཨེ་ཙིའི་ནད་སོགས་འགོས་ནད་ཀྱི་རིགས་ཕོགས་སླ།

དུག་འཐེན་མཁན་གྱིས་ཁྱིམ་ཚང་ལ་ཐེབས་པའི་གནོད་འཚེ།

དུག་འཐེན་ན་ཁྱིམ་ཚང་གི་ཁོངས་མི་དག་ལ་སེམས་ཁམས་ཐད་དུ་གནོད་སྐྱོན་ཆེན་པོ་ཐེབས་སྲིད།

དུག་འཐེན་ན་ཁྱིམ་སྟོང་རྒྱུ་སྟོང་དང་མི་ཤི་ཁྱིམ་སྟོང་དུ་གྱུར་ངེས།

དུག་འཐེན་ན་མངལ་གྱི་ཕྲུ་གུ་དང་རྗེས་རབས་པ་གནོད་པ་ཐེབས་ངེས། དེ་གཤམ་གྱི་ཕྱོགས་མི་འདྲ་བ་གཉིས་ནས་མཚོན་ཐུབ་ལ། གཅིག་ནི་བུད་མེད་ཀྱིས་མངལ་སྦྲུམ་པའི་ཡར་སྔོན་དང་མངལ་ཆགས་པའི་སྐབས་སུ་དུག་འཐེན་ན། ཕྲུ་གུ་ལ་ལྷན་སྐྱེས་རང་བཞིན་གྱི་དུག་ཕོགས་སྲིད་པས་མངལ་ལས་སྐྱེས་པའི་ཕྲུ་གུ་ནི་ཡ་མ་གཟུགས་ཡིན་པ། གཉིས་ནས་ཕ་མ་གཉིས་ཀྱིས་དུག་འཐེན་པ་དེས་བུ་ཕྲུག་ལ་ཁོར་ཡུག་མི་ལེགས་པའི་ཤུགས་རྐྱེན་ཐེབས་ནས་བུ་ཕྲུག་གི་བདེ་ཐང་དང་འཚར་ལོངས་ལ་ཡང་ཤུགས་རྐྱེན་ངན་པ་ཐེབས་ངེས།

དུག་འཐེན་གྱིས་སྤྱི་ཚོགས་ལ་ཐེབས་པའི་གནོད་འཚེ།

དུག་འཐེན་ལ་བསླུ་བྲིད་གཏོང་བ་དེ་ཉེས་དོན་གྱི་ནག་ཉེས་ཡིན་པས། དེས་རྒྱུན་ལྡན་གྱི་སྤྱི་ཚོགས་དང་དཔལ་འབྱོར་གྱི་བརྒྱུད་རིམ། སྤྱི་ཚོགས་ཀྱི་བརྟན་འཇགས་བཅས་ལ་ཤུགས་རྐྱེན་ངན་པ་དང་གནོད་འཚེ་ཚབས་ཆེན་ཐེབས་ངེས། དུག་འཐེན་མཁན་གྱི་དུག་ནུས་འཕར་བའི་སྐབས་སུ་ནམ་རྒྱུན་བསམ་ཡུལ་ལས་འདས་པའི་ལས་སྤེལ་བ་སྟེ། དཔེར་ན་རྙོག་དྲ་བཟོ་བ་དང་རྡུང་རྡེག་བྱེད་པ། དྲག་སྤྱོད་ཀྱི་དོན་དག་སྒྲུབ་པ་བཅས་ཀྱིས་སྤྱི་གཞུང་གི་བདེ་འཇགས་ལ་གནོད་འཚེ་གཏོང་བ་རེད། དེ་ཡང་རྒྱུན་ལྡན་གྱི་རྒྱུ་ནོར་ཡོང་སྒོ་ཆད་པ་ན་རང་གི་ཁྱིམ་མི་དང་གྲོགས་པོ་དག་གི་རྒྱུ་ནོར་ཡོད་ཚད་གཡོ་ལེན་བྱེད་པ། བྱེད་ཐབས་འདྲ་མིན་ལ་བརྟེན་ནས་དུག་རྫས་ཉོ་སྤྱད་ཀྱི་རྒྱུ་ནོར་བརྐུ་བ་དང་གཡོ་ལེན་བྱེད་པ། འཕྲོག་པ། མི་གསོད་པ་སོགས་ཁྲིམས་འགལ་གྱི་ནག་ཉེས་ཅི་ཡང་སྒྲུབ་སྲིད།

དུག་འཐེན་མཁན་གྱིས་སྤྱི་ཚོགས་སྟེང་གི་རྒྱུ་ནོར་འབོར་ཆེན་ཞིག་རྔམ་ལེན་བྱེད་ངེས།

དུག་འཐེན་ན་རྒྱལ་དམངས་ཀྱི་སྤུས་ཚད་ལ་ཤུགས་རྐྱེན་ངན་པ་དང་ཐོན་སྐྱེད་ནུས་ཤུགས་ལ་གནོད་འཚེ་ཚབས་ཆེན་ཐེབས་ངེས། དུག་འཐེན་མཁན་ལ་ནམ་རྒྱུན་ཚད་ལྡན་གྱི་མིའི་ངལ་རྩོལ་ནུས་ཤུགས་ཅི་ཡང་མེད།

མུ་འགོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།