ཚེ་སྲོག་ལ་གཅེས་སྤྲས་བྱེད་པའི་སྐོར། 3

(ལེ་ཚན་གོང་མའི་འཕྲོས་མཐུད།)

5.ལུས་པོའི་ཕྱི་ཚུལ་ལ་རྒྱུན་ལྡན་མིན་པའི་ཁྱད་ཆོས་ཡོད་པ། དུག་རྫས་རྔུབ་འཐེན་མཁན་ལ་དུག་རླངས་ཀྱི་དབང་གིས་གོང་མཛུབ་དང་དཀྱིལ་མཛུབ་བར་གྱི་ཤ་མདོག་དེ་ནམ་རྒྱུན་སེར་པོར་གྱུར་ཡོད། དུག་ཁབ་རྒྱག་མཁན་གྱི་ལུས་པོའི་སྟོད་སྨད་ཡན་ལག་གི་རྩ་ལམ་སྟེང་ཁབ་བརྒྱབ་པའི་ཤུལ་དང་རྨ་ཁ། ཐ་ན་རིམས་འགོས་བྱུང་བའི་སྐྱི་ལྤགས་སྐྲངས་པ་དང་རིམས་འགོས་བྱས་པ། རུལ་འགྱུར་སོགས་ཡོད། མི་མི་ཉུང་བ་ཞིག་གིས་དེ་དག་གཞན་གྱིས་ཤེས་པར་དོགས་ནས་དབྱར་གཞུང་ལ་ཡང་དོར་ཐུང་དང་ཕུ་ཐུང་སོགས་མི་གྱོན་པ་རེད།

6.ལུས་སྟེང་ངམ་ཉལ་སའི་ནང་སྐབས་ལན་རེར་དུག་རྫས་དང་དུག་འཐེན་ཡོ་བྱད་ཡོད་པ། དུག་འཐེན་མཁན་གྱིས་རང་གི་ལུས་སྟེང་དང་དུག་འཐེན་པའི་ཡུལ་དངོས་སུ་ནམ་རྒྱུན་དུག་རྫས་དང་དུག་འཐེན་ཡོ་བྱད་སྤས་ཡོད། དུག་འཐེན་མཁན་གྱིས་ཡང་སྐབས་ལན་རེར་ལྐོག་ནས་དུག་གཅོད་ཆེད། དུག་གཅོད་སྨན་རྫས་དང་འཐུས་ཚབ་ཡོ་བྱད་རེ་འགའ་ཡང་སྤས་ཡོད།

7.གྲོགས་པོ་བསྒྲིགས་པའི་ཁྱབ་ཁོངས་ལ་འགྱུར་ལྡོག་བྱུང་བ། དུག་འཐེན་པ་ནི་ནམ་རྒྱུན་ཐོག་མར་མི་གཞན་གྱི་བསླུ་བྲིད་དང་གཡོ་འོག་ཏུ་ཚུད་པ་ཡིན་ཞིང་། དུག་འཐེན་རྗེས་ནམ་རྒྱུན་ཉེ་འཁོར་གྱི་མི་དང་རྒྱང་བཀྱེད་ནས་རྙོག་འཛིང་ཆེ་བའི་གནས་སུ་དུག་འཐེན་མཁན་གཞན་དག་ལ་འབྲེལ་འདྲིས་བྱེད་ངེས། དེའི་རྐྱེན་གྱིས་དུག་འཐེན་རྗེས་སྤྱི་ཚོགས་ཀྱི་འབྲེལ་འདྲིས་བྱེད་ཡུལ་ལ་ཡང་འགྱུར་ལྡོག་བྱུང་བཞིན་ཡོད་ལ། མི་ཚད་ལྡན་དང་འགྲོ་འོངས་བྱེད་པའི་ཚད་ཡང་ཇེ་ཉུང་དུ་སོང་ཞིང་། སུ་ཡིན་འདི་ཡིན་མི་ཤེས་པའི་མི་ལ་འབྲེལ་འདྲིས་བྱེད་པའི་ཚད་ཇེ་མང་དུ་འགྲོ་ངེས།

8.སྐབས་ལན་རེར་ཁོ་ཚོའི་དུག་འཕར་སྣང་ཚུལ་ཡང་ཤེས་ཐུབ། དུག་འཐེན་མཁན་གྱི་དུག་ནུས་འཕར་བ་དང་གློ་བུར་དུ་དུག་རྫས་མེད་ན། ཁོ་ཚོའི་དུག་འཕར་བའི་སྣང་ཚུལ་དེ་གང་གིས་ཀྱང་འགེབས་མི་ཐུབ། མཇུག་མཐར་སྣ་སྦྲིད་དང་མིག་ཆུ་བཞུར་བ། སྣ་ཆུ་བཞུར་བ། རྔུལ་ཆུ་བཞུར་བ་སོགས་ཆམ་ནད་ལྟ་བུའི་ནད་རྟགས་ཤིག་ཡོད། དེའི་སྣ་ཁུང་ཆེས་ཆེར་འགྲོ་བ(འོད་ལ་སྐྲག་པ།)གྲང་འདར་རྒྱག་པ། ལུས་སྟེང་དུ་རྨ་འབུད་པ། ཞེ་མེར་བ་དང་སྐྱུག་པ་སོགས་བྱེད་ངེས། ཡང་ན་སེམས་ཁམས་མི་སྐྱིད་པ་དང་དོན་མེད་དུ་ཁོང་ཁྲོ་ལངས་པ། སེམས་འཁྲུག་ནས་མི་བདེ་པ་ལྟ་བུའོ།

དུག་འགོག་བྱ་བ་དེ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་རིགས་ཀྱི་དར་རྒུད་ལ་འབྲེལ་བ་ཡོད་པ་དང་། ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་སྐྱིད། བུད་མེད་དང་བྱིས་པའི་བདེ་སྐྱིད་བཅས་ལ་ཡང་འབྲེལ་བ་ཡོད་པས། དུག་འགོག་བྱ་བ་དེའི་ཁྲོད་བུད་མེད་འདུ་པའི་སྤྱི་ཚོགས་ཡོངས་རྫོགས་ཟབ་ཞུགས་བྱེད་དགོས།

དེ་ཡང“དུག་རྫས་ཁྱིམ་དུ་མི་འཛུལ་བའི”བྱེད་སྒོ་སྤེལ་བ་བརྒྱུད་རང་ཞིང་གི་རིམ་པ་སོ་སོའི་བུད་མེད་ལྷན་ཚོགས་ཀྱིས་ཧུར་བརྩོན་སྒོས་འབོད་སྐད་དེར་བསྟུན་ནས“དུག་རྫས་ཁྱིམ་དུ་མི་འཛུལ་བའི”བྱེད་སྒོ་དང“དུག་མེད་ཁྱིམ་ཚང”སོགས་ཀྱི་གསར་གཏོད་བྱ་བ་གཏིང་ཟབ་སྒོས་སྤེལ་ཏེ། ཁྱབ་རྒྱ་ཆེན་པོའི་སྒོ་ནས་ཁྱིམ་ཚང་སོ་སོར《དུག་འགོག་བཅའ་ཁྲིམས》དང《དུག་གཅོད་སྲོལ་ཡིག》དེ་མིན་དུག་འགོག་བཅའ་ཁྲིམས་ཀྱི་སྒྲིག་སྲོལ་སོགས་དྲིལ་སྒྲོག་སློབ་གསོ་སྤེལ་ནས། དུག་རྫས་འགོག་སྲུང་ཤེས་བྱ་དེ་ཁྱིམ་ཚང་རེ་རེ་ལ་ཤེས་སུ་བཅུག་སྟེ་མི་སེམས་ལ་འབབ་དུ་འཇུག་དགོས། དེའི་མི་ཚད་ཁྱིམ་ཚང་གི་ཁོངས་མི་རྩ་འཛུགས་སྒོས་དུག་རྫས་འགོག་སྲུང་གི་བདག་ཉིད་སློབ་གསོ་དང་བདག་ཉིད་བདག་དོམ་ལ་སྣེ་ཁྲིད་བྱས་ཏེ། ཕ་མ་གཉིས་ཀྱིས་ནར་མ་སོན་པའི་བུ་ཕྲུག་དག་གི་དུག་རྫས་སྔོན་འགོག་སློབ་གསོར་སྐུལ་འདེད་གཏོང་དགོས། དེ་དང་ཆབས་ཅིག་བུད་མེད་ཀྱི་དུག་འགོག་བདག་དོམ་རྩ་འཛུགས་དང་དུག་འགོག་དཔའ་མོའི་དང་བླངས་མཁན་གྱི་རུ་དཔུང་གསར་འཛུགས་བྱེད་པར་ཤུགས་བསྣན་ནས་དུག་འགོག་དང་ཕྱོགས་བསྡུས་བཅོས་སྐྱོང་། ཁྲིམས་འཛིན་སྲིད་འཛིན་སོགས་ལ་རམ་འདེགས་བྱས་ཏེ། དུག་འཐེན་པའི་བུད་མེད་དང་ནར་མ་སོན་པའི་མི། ཁྱིམ་ཚང་བཅས་གཙོ་བོར་བཟུང་ནས་བུད་མེད་དང་ཁྱིམ་ཚང་གིས་དུག་འགོག་བྱ་བའི་ཁྲོད་ཐོན་པའི་བྱེད་ནུས་གལ་ཆེན་འདོན་སྤེལ་དང་སྔོག་འདོན་བྱེད་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་གིས་དུག་འབྲེལ་མི་སྣར་རོགས་རམ་དང་སློབ་གསོ་བཏང་ནས་ཁོ་ཚོར་ཡང་དག་པའི་ཆོད་སེམས་བརྟན་པོ་ཚུགས་པ་དང་། སྔ་མོ་ནས་ཕྱིར་སྤྱི་ཚོགས་ཁྲོད་ལོག་པར་རོགས་རམ་བྱས་ཏེ་གྲུབ་འབྲས་སྨིན་དུ་འཇུག་རྒྱུ།

དེ་ཡང་དུག་འགོག་མི་སྣའི་འཐབ་རྩོད་དང་བདེ་ཁམས་འཛུགས་སྐྲུན་གྱི་དགོངས་དོན་དེ་ལག་ལེན་མཐར་ཕྱིན་དུ་སྤེལ་བ་དང་བུད་མེད་ལྷན་ཚོགས་རྩ་འཛུགས་ཀྱི་དུག་འགོག་དྲིལ་སྒྲོག་སློབ་གསོའི་འགན་ནུས་ལག་བསྟར་བྱེད་པ། “དུག་རྫས་རང་ཁྱིམ་དུ་མི་འཛུལ་བའི”བྱ་འགུལ་གཏིང་ཟབ་སྒོས་སྤེལ་བ། 2013ལོའི་ཟླ6པར་ཞིང་ཆེན་བུད་མེད་ལྷན་ཚོགས་དང་དུག་འགོག་གཞུང་སྒྲུབ་ཁང་གིས་མཉམ་འབྲེལ་སྒོས《ཞིང་ཆེན་རིམ་པའི“དུག་རྫས་རང་ཁྱིམ་དུ་མི་འཛུལ་བའི”བྱ་འགུལ་གྱི་དཔེར་སྟོན་ཚོད་ལྟ་བྱ་བའི་ཇུས་གཞི》ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས་ཤིང་། རང་ཞིང་གི་རྫོང11(ཆུས་དང་གྲོང་ཁྱེར།)གིས“དུག་རྫས་རང་ཁྱིམ་དུ་མི་འཛུལ་བའི་བྱ་འགུལ་གྱི་དཔེར་སྟོན་ཚོད་ལྟ”གསར་འཛུགས་བྱས་ཏེ། རྒྱ་ཆེའི་བུད་མེད་མང་ཚོགས་དང་ཁྱིམ་ཚང་གི་ཁོངས་མི་རྩ་འཛུགས་སྒོས་དུག་རྫས་སྔོན་འགོག་དང་རོགས་རམ་མྱུར་སྐྱོབས་བྱ་འགུལ་ཁྲོད་ཞུགས་ནས། དུག་འགོག་མི་དམངས་ཀྱི་དམག་འཁྲུག་དེ་སྔར་ལས་ལྷག་པའི་སྒོ་ནས་དྲང་ཕྱོགས་ལ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་དང་དུག་འགོག་དེ་ཧུར་ཐག་སྒོས་མི་རེ་རེ་ལ་འགན་འཁྲི་ཡོད་པ་དང་ཁྱིམ་མི་རེ་རེ་ལ་འོས་འགན་ཡོད་པའི་སྤྱི་ཚོགས་ཀྱི་མཁའ་དབུགས་ཤིག་ལ་གསར་སྐྲུན་བྱེད་དགོས།

མུ་འགོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།