2019ལོའི་མི་རིགས་མཐུན་སྒྲིལ་རྟགས་མའི་ཨ་མྱེས་རྨ་ཆེན་གྱི་མཐོ་སྒང་རྒྱལ་སྤྱིའི་རྐང་རྒྱུག་འགྲན་བསྡུར་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཟླ7ཚེས21ཉིན། སྐབས་ལྔ་བའི་མཚོ་སྔོན་ཨ་མྱེས་རྨ་ཆེན་རིག་གནས་ཡུལ་སྐོར་དུས་ཆེན་དང་མི་རིགས་མཐུན་སྒྲིལ་རྟགས་མའི2019ལོའི་ཨ་མྱེས་རྨ་ཆེན་གྱི་མཐོ་སྒང་རྒྱལ་སྤྱིའི་རྐང་རྒྱུག་འགྲན་བསྡུར་དེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་ཆེན་རྫོང་དུ་སྤེལ་བ་རེད། ཞིང་ཆེན་ཕྱི་ནང་གི་ལུས་རྩལ་པ་མི་གྲངས294ཡིས་མཚོ་ངོས་ལས་རྨིད3884ཡིས་མཐོ་བའི་རྨ་ཆེན་རྩྭ་ཐང་དུ་རྐང་རྒྱུག་འགྲན་བསྡུར་གྱི་བྱེད་སྒོར་ཞུགས། མཛེས་པའི་རྩྭ་ཐང་དང་རི་སྒང་། གཙང་བོ། འདམ་རའི་མཛེས་ལྗོངས། འགྱུར་ལྡོག་མོད་པའི་མཐོ་སྒང་གི་གནམ་གཤིས་དང་རྙོག་འཛིང་ཆེ་བའི་ལམ་གྱི་གནས་ཚུལ་སོགས་ལ་མྱོང་རོལ་བྱས།

ཐེངས་འདིའི་རྐང་རྒྱུག་འགྲན་བསྡུར་ལ་རྒྱལ་ནང་གི་གྲོང་ཁྱེར་ཆེན་པོ་དག་གི་རྐང་རྒྱུག་པ་མིང་གྲགས་ཅན་ལས་གཞན་ད་རུང་ཀང་ཀོ་དང་སུའུ་ཏན་ལྷོ་མ། ཙན་པུའུ་ཡ་སོགས་རྒྱལ་ཁབ་དག་གི་རྐང་རྒྱུག་པ་ཡང་འགྲན་ཞུགས་བྱས་ཏེ། འགྲན་བསྡུར་གྱི་སྐད་གྲགས་ལ་གསོན་ཤུགས་རྒྱས་སུ་བཅུག་ཡོད། མགོ་ལོག་ཁུལ་གྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱང་སྤྱི་ལེ6གི་འགྲན་སྡུར་བྱེད་སྒོའི་ཁྲོད་དུ་ཟབ་ཞུགས་བྱས་ཡོད།

དང་བླངས་མི་སྣ200ཡིས་འགྲན་སྡུར་བྱེད་སྒོ་ལ་ཞབས་ཞུའི་འགན་སྲུང་འཐུས་ཚང་མཁོ་འདོན་དང་འབྲོག་དམངས་མང་པོ་ཞིག་གིས་ལམ་རྒྱུད་དུ་འགྲན་ཞུགས་པ་དག་ལ་སྐམས་ཤ་དང་ཞོ འོ་ཇ། བོད་བཟོས་སྒོང་གོར་སོགས་ཁྱད་ལྡན་ཟས་རིགས་ཡང་མཁོ་འདོན་བྱས་ཡོད། རྐང་རྒྱུག་འགྲན་སྡུར་མཇུག་བསྡུ་བའི་མཛད་སྒོའི་སྟེང་གཟུགས་འདས་ཤུལ་བཞག་སྒྱུ་རྩལ་རྟ་ཐོག་གི་ཟློས་གར་སོགས་རིག་རྩལ་འཁྲབ་སྟོན་བྱས་ཏེ། བོད་ཁུལ་དུ་རྒྱུགས་ཆེ་བའི་བོད་རིགས་དཔའ་བོ་གླིང་རྗེ་གེ་སར་རྒྱལ་བོའི་རྟོགས་བརྗོད་རྒྱས་བཤད་བྱས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།