ཀྲུང་དབྱང་སྣོད་བཅུད་ཁོར་སྲུང་ལྟ་ཞིབ་ཚན་ཆུང་དྲུག་པས་སྐོར་ཐེངས8པའི་མང་ཚོགས་ཀྱི་གཏུག་ཡིག30ཕྱིར་རང་ཞིང་ལ་སྤྲད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། 2019ལོའི་ཟླ7ཚེས22ཉིན་གྱི་ཆུ་ཚོད16ཐོག ཀྲུང་དབྱང་སྣོད་བཅུད་ཁོར་སྲུང་ལྟ་ཞིབ་ཚན་ཆུང་དྲུག་པས་སྐོར་ཐེངས་བརྒྱད་པའི་མང་ཚོགས་ཀྱི་གཏུག་ཡིག་30ཕྱིར་རང་ཞིང་ལ་སྤྲད་བྱུང་ལ། དེའི་ནང་ཟི་ལིང་གྲོང་ཁྱེར་གྱི་དཔྱད་ཡིག18དང་། མཚོ་ཤར་གྲོང་ཁྱེར་གྱི་དཔྱད་ཡིག9 ། མཚོ་བྱང་ཁུལ་གྱི་དཔྱད་ཡིག1། ཡུལ་ཤུལ་ཁུལ་གྱི་དཔྱད་ཡིག1། རྨ་ལྷོ་ཁུལ་གྱི་དཔྱད་ཡིག1བཅས་ཡོད་པ་རེད། དེ་ལས་ཀྲུང་དབྱང་སྣོད་བཅུད་ཁོར་སྲུང་ལྟ་ཞིབ་ཚན་ཆུང་གིས་ཟི་ལིང་གི་དཔྱད་ཡིག3དང་། མཚོ་ཤར་གྲོང་ཁྱེར་གྱི་དཔྱད་ཡིག1། ཡུལ་ཤུལ་གྲོང་ཁྱེར་གྱི་དཔྱད་ཡིག1། རྨ་ལྷོ་ཁུལ་གྱི་དཔྱད་ཡིག1བཅས་དཔྱད་ཡིག་དྲུག་ལ་དོ་སྣང་ཆེན་པོ་བྱེད་ཀྱི་འདུག

ཁོན་ཐར་འཚོས་བསྒྱུར།