ཚེ་སྲོག་ལ་གཅེས་སྤྲས་བྱེད་པའི་སྐོར། 1

ཁྱིམ་དུ་དུག་རྫས་གཏན་འགོག་བྱེད་པ།

ནར་མ་སོན་པའི་མིས“དུག་རྫས་འགོག་སྲུང”གི་ཐབས་ལམ།

“མི་རུང་བ་དྲུག”

བདེ་སྲུང་རྙོག་འཛིང་ཅན་གྱི་ཡུལ་དངོས་ལ་འགྲོ་མི་རུང་བ།

མི་ཆ་མེད་ཀྱིས་མཁོ་སྤྲོད་བྱས་པའི་ཐ་མག་དང་བཏུང་ཆུ་སོགས་འཐུང་མི་རུང་བ།

“གྲགས་ཅན”ལ་ལད་མོ་མི་བྱེད་པ་དང་། “གཏོང་ཕོད་ཆེ་བའི”སྒོ་ནས་དུག་འཐེན་པའི་བྱ་སྤྱོད་སྤེལ་མི་རུང་།

“ལ་རྒྱ”ལ་བརྟེན་ནས་དོན་ཆེན་མི་སྒྲུབ་པ།

རྨོངས་ཚོད་ཀྱིས“དེང་རབས”ལ་འཚོལ་སྙེག་མི་བྱེད་པ།

སྨན་རྫས་གང་འདོད་དུ་བཀོལ་མི་རུང་། (ཚོ་བྱང་བའི་སྨན་དང་ངར་སྐྱེད་སྨན། བཟི་སྨན་སོགས་ལྟ་བུ།)

གལ་ཏེ་རང་ཉིད་ཀྱིས་གསལ་ཁ་མི་ཆོད་པའི་དོན་དག་ལ་འཕྲད་དུས་ངེས་པར་དུ་ཡང་དག་པའི་ཐབས་ལམ་བཙལ་ཏེ་ཐག་གཅོད་བྱེད་རྒྱུ་ལས་བག་འཁུམ་རང་དམན་བྱེད་མི་རུང་ལ། དེ་ལས་ཀྱང་དུག་འཐེན་པ་ལ་བརྟེན་ནས་གདུང་བ་སེལ་མི་རུང་།

བུད་མེད་དག་གིས་ཁྱིམ་དུ་དུག་འགོག་ཐད་ལ་བྱེད་ནུས་ཆེན་པོ་ཇི་འདྲ་ཞིག་ཐོན་ཐུབ་བམ།

བུད་མེད་དག་ནི་ཁྱིམ་དུ་ཆུང་མ་དང་ཨ་མ་ཡིན་པའི་ཆ་ནས་བུ་ཕྲུག་གསོ་སྐྱོང་དང་ཁྱིམ་ཚང་གི་ཁོངས་མི་དག་ལ་སློབ་གསོ་དང་བསམ་བློ་བརྗེ་རེས། འགལ་ཟླ་ཞི་འཇགས་སུ་གཏོང་བ་བཅས་ཀྱི་འགན་ཁུར་ཡོད་པས། ཁྱིམ་ཚང་གི་ཁོངས་མི་དག་གིས་ཨ་མར་ཡིད་རྟོན་ཆེན་པོ་བྱེད་བཞིན་ཡོད་ལ། ཨ་མ་ནི་ཆེས་ཡིད་རྟོན་རུང་བ་རུ་བརྩི་བཞིན་ཡང་ཡོད་པས། བུད་མེད་དག་གིས་ཁྱིམ་ཚང་གི་དུག་འགོག་ཐད་ལ་དམིགས་གསལ་གྱི་བྱེད་ནུས་ཆེན་པོ་ཞིག་ཐོན་ཡོད།

1.ཤེས་ཡོན་གསར་སྐྲུན་བྱས་ནས་དྲོད་འཇམ་གྱི་ཁྱིམ་གཞིས་ཤིག་ལ་མཁའ་དབུགས་སྐྲུན་པ། ཁྱིམ་ཚང་ནི་མི་ཚེ་ཡི་འཚོ་རྟེན་ཡིན་པས། ཁྱིམ་མི་ཕན་ཚུན་བར་ལ་མཐུན་སྒྲིལ་དང་འཆམ་མཐུན། ཕན་ཚུན་བརྩི་བཀུར་དང་ཕན་ཚུན་ཀུ་ཡངས་ཀྱིས་ཁྱིམ་ཚང་དེ་ཧུར་ཐག་སྒོས་ཡར་རྒྱས་སུ་བཏང་སྟེ། གོམས་སྲོལ་མི་ལེགས་པ་འདྲ་མིན་འབྱུང་བར་གཡོལ་དགོས། བྱིས་པས་དུག་འཐེན་པ་ཤེས་རྟོག་བྱུང་རྗེས་ཕ་མ་གཉིས་ཀྱིས་དྲག་སྤྱོད་སློབ་གསོའི་བྱེད་ཐབས་བཀོལ་མི་རུང་བར། དུས་ལྟར་བྱིས་པ་ལ་འབྲེལ་འདྲིས་གང་ལེགས་ཀྱིས་ཁྱིམ་ཚང་གི་ཤེས་ཡོན་དང་དྲོད་ཁོལ་ཉམས་ལེན་བྱེད་དུ་འཇུག་དགོས།

2.བྱིས་པའི་ལུས་སེམས་གཉིས་ཀྱི་བདེ་ཐང་ལ་དོ་ཁུར་བྱེད་དགོས། ནར་མ་སོན་པའི་མི་ལ་ཁྱིམ་ཚང་གི་བདག་སྐྱོང་དགོས་པ་མ་ཟད། ཁྱིམ་ཚང་གི་གཅེས་སྐྱོང་ཡང་དགོས། ཕ་མ་གཉིས་ཀྱིས་བྱིས་པའི་སློབ་སྦྱོང་དང་འཚོ་བར་དོ་ཁུར་བྱེད་དགོས་པ་མ་ཟད། བྱིས་པའི་བཟའ་བཏུང་དང་ཉལ་འདུག་ལ་ཡང་མཉམ་འཇོག་བྱས་ནས། དུས་ལྟར་ཁོ་ཚོའི་གྲོགས་པོའི་བར་གྱི་མཛའ་བརྩེ་གནས་ཚུལ་དང་འཚོ་བའི་སྒྲིག་སྲོལ་ཁོང་དུ་ཆུད་པར་བྱ་དགོས། འདི་ལྟར་བྱས་ན་ད་བཟོད་རྒྱུན་ལྡན་མིན་པའི་གནས་ཚུལ་ཤེས་རྟོག་ཐུབ་པ་དང་ཁོ་ཚོར་དུས་ལྟར་རོགས་རམ་ཡང་བྱེད་ཐུབ་ངེས།

3.དུག་འགོག་ཤེས་བྱར་སློབ་སྦྱོང་བྱས་ཏེ། ཁྱིམ་ཚང་ནང་དུས་གཏན་དུ་དུག་མེད་པ་བྱ་དགོས། ཁྱིམ་ཚང་གི་བདེ་སྐྱིད་དང་སྤྲོ་སྣང་ལ་ཁག་ཐེག་བྱ་ཆེད། ཁྱིམ་ཚང་རེ་རེ་ཚང་མས་དུག་འགོག་ཤེས་བྱར་སློབ་སྦྱོང་བྱས་ནས། ཁྱིམ་ཚང་གི་ཁོངས་མི་དག་ལ་དུག་རྫས་ནི་ཅི་ཞིག་ཡིན་པ་དང་དུག་རྫས་ལ་གནོད་སྐྱོན་ཅི་ཞིག་ཡོད་པ། གནས་གང་དུ་དུག་རྫས་འབྱུང་སྲིད་པ། ཇི་ལྟར་བྱས་ནས་དུག་རྫས་དང་རིང་དུ་གྱེས་པ། དུག་རྫས་འགོག་སྲུང་དང་མེད་པར་གཏོང་བ་བཅས་ཀྱི་ཤེས་བྱ་ཡིད་ལ་འཛིན་དགོས། དེའི་མི་ཚད་འབྲེལ་ཡོད་སྡེ་ཁག་གི་འབོད་སྐད་དང་བསྟུན་ནས། ཧུར་ཐག་སྒོས“དུག་རྫས་རང་ཁྱིམ་དུ་མི་འཛུལ་བའི”བྱ་འགུལ་ཁྲོད་ཞུགས་སྟེ། ཁྱིམ་ཚང་གི་ཁོངས་མི་ཚང་མས་དུག་མི་འཐེན་པ་དང་དུག་འཚོང་མི་རྒྱག་པ། དུག་མི་འདེབས་པ། དུག་རྫས་གསར་བཟོ་མི་བྱེད་པ་བཅས་ཀྱིས་དུག་དང་བྲལ་བའི་ཁྱིམ་ཚང་ཞིག་བྱ་དགོས།

མུ་འགོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།