མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་སྨན་སྦྱོར་ཚན་པའི་བོད་སྨན་ཐོན་སྐྱེད་དེང་རབས་ཅན་དུ་ཕྱོགས་པ།

མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་སྨན་སྦྱོར་ཚན་པའི་ལས་བྱེད་མི་སྣས་སྨན་གྱི་རིལ་བུ་བཟོ་བཞིན་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ད་ལྟ་བོད་ལུགས་གསོ་རིག་སྨན་རྫས་རིག་གནས་རིམ་བཞིན་མི་མང་པོ་ཞིག་གིས་དང་ལེན་དང་རྒྱུས་ལོན་བྱེད་བཞིན་ཡོད། རང་ཞིང་གི་བོད་ལུགས་སྨན་རྫས་ཐོན་སྐྱེད་ཅན་གྱི་བརྒྱུད་རིམ་ཁྲོད། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་སྦྱོར་ཚན་ཁག་གིས་སྲོལ་རྒྱུན་བོད་སྨན་དང་དེང་རབས་ཚན་རྩལ་གཉིས་ཟུང་འབྲེལ་བྱས་ཏེ། བོད་སྨན་དེ་མཐོ་སྒང་ནས་ཕྱིར་འབུད་ཐུབ་པར་སྐུལ་འདེད་ཀྱི་བྱེད་ནུས་ངེས་ཅན་ཞིག་ཐོན་ཡོད།

མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་སྦྱོར་ཁང་དུ་འཛུལ་བ་ན་སྣ་ལམ་དུ་བོད་སྨན་གྱི་དྲི་བསུང་ཐུན་མིན་དེ་འཐུལ་ཡོང་། ལས་སྒྲུབ་ཁང་ནང་དུ་དེང་རབས་ཅན་གྱི་འཕྲུལ་ཆས་དག་གིས་བྱེད་ནུས་ངེས་ཅན་ཞིག་ཐོན་བཞིན་ཡོད། ལས་བྱེད་མི་སྣ་དག་གིས་ཐོན་སྐྱེད་གོ་རིམ་ཁྲོད་རང་རང་གི་བྱ་བར་འབད་བཞིན་འདུག ལོ་མང་པོ་ཞིག་གི་རིང་ལ་ཀྲུང་བོད་ལུགས་གསོ་རིགས་སྨན་རྫས་ཀྱི་འཕེལ་རྒྱས་དང་བསྟུན་ནས། བོད་སྨན་དེ་སྲོལ་རྒྱུན་གྱི་ལས་སྣོན་བྱེད་ཐབས་ལས་བརྒལ་ཏེ་དེང་རབས་ཅན་ལ་གོམ་པ་སྤོས་ཡོད།

མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་སྦྱོར་ཚན་ཁག་སྨན་རྫས་རྒྱུ་སྤུས་སྡེ་ཁག་གིས་སྐྱེ་དངོས་ཕྲ་མོའི་ཚད་ལེན་དཔྱད་ཞིབ་ཁང་། དངོས་ཁམས་དང་རྫས་འགྱུར་ཚོད་ལྟ་ཁང་། ཞིབ་ཚགས་ཚད་ལེན་ཁང་། མ་དཔེ་འཇོག་ཉར་ལྟ་རྟོག་ཁང་སོགས་བཙུགས་ཡོད། མ་བཅོས་སྨན་རྫས་ཀྱི་རྒྱུ་རྫས་དང་སྨན་སྦྱོར་སྨན་རྫས་ཀྱི་ཐོན་སྐྱེད་བརྒྱུད་རིམ། སྨན་སྦྱོར་སྨན་རྫས་ཀྱི་རྒྱུ་སྤུས་ལ་ཁག་ཐེག་དང་ཚོད་འཛིན་བྱས་ཡོད། ད་ལྟ་ཞིང་ཆེན་བོད་སྨན་ཁང་གིས་སྨན་ལུམས་ཚན་ཁག་དང་མཆིན་མཁྲིས་ཚན་ཁག མོ་ནད་ཚན་ཁག ཕོ་རྒྱུའི་ཚན་ཁག ཕྱི་བཅོས་ཚན་ཁག་སོགས་ཚན་ཁག་དག་གིས་སྨན་བཅོས་ཐད་ལ་བོད་སྨན་རིགས་མི་འདྲ་བ་མང་པོ་ཞིག་སྨན་སྦྱོར་བྱས་ཏེ་བེད་སྤྱོད་བྱེད་བཞིན་ཡོད་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།