དར་ལག་རྫོང་གིས་བདེ་ཐང་དབུལ་སྐྱོར་སྤེལ་ནས་ཁྱོན་ཡོངས་ནས་མཁྲེགས་གཏོར་ཞིབ་བཤེར་བྱ་བ་ཁྱོན་ཡོངས་ནས་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཁྱོན་ཡོངས་ནས་ཐུམ་འབུའི་ནད་གཙོ་བོ་ཡིན་པའི་ས་ཁུལ་གྱི་ནད་རིགས་གལ་ཆེན་ལ་ཁྱོན་ཡོངས་ནས་སྐུལ་འདེད་དང་རིམས་འགོས་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་བྱ་བར་སྐུལ་འདེད་བྱེད་པ། ཚད་ངེས་ཅན་གྱི་སྒོ་ནས་འབྲོག་པ་མང་ཚོགས་ཀྱི་ལུས་པོའི་བདེ་ཐང་ལ་འགན་སྲུང་ཐུབ་པ་བཅས་བྱ་ཆེད། ཟླ6པའི་ཟླ་མཇུག་ལ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གིས2019ལོའི་བདེ་ཐང་དབུལ་སྐྱོར་གྱིས་ཁྱོན་ཡོངས་ནས་མཁྲེགས་གཏོར་བདེ་ཐང་ཞིབ་བཤེར་དང་མཐོ་སྒང་གི་སྙིང་ནད་ཁྲག་རྩའི་རིམས་ནད་ལ་བརྟག་དཔྱད་ཞིབ་འཇུག་བྱ་བ་ལེགས་པར་སྒྲུབ་ནས། རྫོང་ཡོངས་ཀྱི་ཁྱིམ་ཚང2666གི་ནད་པ9830ལྷག་གི་དབུལ་ཁྱིམ་འབྲོག་དམངས་མང་ཚོགས་ལ་རིན་མེད་བདེ་ཐང་ཞིབ་བཤེར་བྱས་པ་རེད།

རྒྱུས་ལོན་བྱས་པ་ལས་ཤེས་གསལ་ལྟར་ན། ལུས་པོའི་ཞིབ་བཤེར་བྱ་བ་མ་སྒྲུབ་པའི་ཡར་སྔོན་ལ་དར་ལག་རྫོང་གིས་རིམ་པ་མི་འདྲ་བ་སོ་སོའི་ངོས་ཐད་ལ་བདེ་ཐང་དབུལ་སྐྱོར་ཁྱོན་ཡོངས་ནས་མཁྲེགས་གཏོར་གཏོང་བའི་ནད་རིགས་ཞིབ་བཤེར་རྩད་གཅོད་བྱ་བའི་དམིགས་འབེན་གྱི་འགན་འཁྲིའི་ཡི་གེ་ལ་མིང་རྟགས་བཀོད་དེ། བདེ་ཐང་དབུལ་སྐྱོར་བྱ་བའི་གྲོས་ཚོགས་རྩ་འཛུགས་བྱ་བ་ལེགས་པོར་སྒྲུབ་ནས། རྫོང་ཡོངས་ཀྱི་གོང་འོག་བར་གསུམ་དུ་འབྲེལ་བ་དམ་འཛིན་བྱས་ཏེ་སྡེ་ཁག་ཕན་ཚུན་བར་ལ་མཉམ་འབྲེལ་གྱིས་སྙོམས་སྒྲིག་གཅིག་གྱུར་བསྡུ་རུབ་བྱས་ཏེ་མི་རེ་རེ་ཚང་མ་ཟབ་ཞུགས་བྱེད་པའི་མཁའ་དབུགས་ལེགས་པོ་ཞིག་གྲུབ་ཡོད།

ཐེངས་འདིའི་ལུས་པོའི་བརྟག་དཔྱད་བྱ་བ་དེས་རྫོང་གི་ཤང་དང་སྡེ་བ་རིམ་པའི་སྟོབས་ཤུགས་ལེགས་སྒྲིག་གང་ལེགས་བྱས་ཏེ་ཁྱིམ་ཚང་གཅིག་གི་ཁྱིམ་མི་གཅིག་ཀྱང་ཆད་ལྷག་མེད་པ་སྒོས་ངོས་མཉམ་རེ་རེ་བགོ་བཤའ་གང་ལེགས་བྱས་ཏེ་འགན་ཁུར་དང་ལེན་དང་དམིགས་གསལ་ཅན་གྱི་མང་ཚོགས་དག་རླངས་འཁོར་གྱིས་སྐྱེལ་ལེན་བྱེད་པའི་བྱེད་ཐབས་སྤྱད་ནས་འབྲོག་དམངས་མང་ཚོགས་ལ་ལུས་པོར་ཞིབ་བཤེར་བྱེད་པའི་ནང་དོན་ཐད་ལ་སྣེ་ཁྲིད་བྱས། དེར་མ་ཟད་འབྲོག་པ་མང་ཚོགས་ལ་འབྲེལ་ཡོད་ཤེས་བྱ་སྒྲོག་སྦྱོང་དང་དབུལ་ཕོངས་མི་གྲངས་དག་དབུལ་ཐར་མཁྲེགས་གཏོར་གྱི་བགྲོད་ལམ་སྟེང་འབོར་མི་རུང་བར་གཏན་ཁེལ་བྱས། ད་ལྟ་རྒྱུ་སྨད་གྲོང་རྡལ་དུ་ཁྱོན་བསྡོམས་མི་གྲངས488གྱི་ལུས་པོར་བརྟག་དཔྱད་བྱེད་པ་ཡོངས་འགྲུབ་དང་སྨར་འབྲིང་ཤང་གི་མི་གྲངས748གྱི་ལུས་པོར་བརྟག་དཔྱད་བྱེད་པ་ཡོངས་འགྲུབ། འོད་གསལ་ཤང་གི་མི་གྲངས526གི་ལུས་པོར་བརྟག་དཔྱད་བྱེད་པ་ཡོངས་འགྲུབ་བཅས་བྱུང་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།