ཀྲུང་དབྱང་སྐྱེ་ཁམས་ཁོར་སྲུང་ལྟ་བཤེར་ཕྱོགས་ནས་ལྟ་བཤེར་བྱེད་ཞོར་ལེགས་བཅོས་གནང་བ། ཀྲུང་དབྱང་ཁོར་སྲུང་ལྟ་བཤེར་ཚག་ཁག་དྲུག་པས་མང་ཚོགས་ཀྱིས་ཞུ་གཏུགས་བྱེད་ཐེངས2པའི་རང་ཞིང་གི་གྱོད་གཞི34ཕྱིར་ཞིང་ཆེན་ལ་བརྒྱུད་སྤྲོད་བྱས་པ།

2019ལོའི་ཟླ7ཚེས16ཉིན་གྱི་ཆུ་ཚོད17ཐོག་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དྲུག་པ་ཡིན་པའི་མཚོ་སྔོན་ཞིང་ཆེན་གྱི་ཁག་གཉིས་པའི་མང་ཚོགས་ཀྱི་ཐེར་འདོན་གྱོད་གཞི34ཡོད་པའི་ནང་ཟི་ལིང་གྲོང་ཁྱེར་གྱི་གྱོད་གཞི18དང་། མཚོ་ཤར་གྲོང་ཁྱེར་གྱི་གྱོད་གཞི13 ཡུལ་ཤུལ་ཁུལ་གྱི་གྱོད་གཞི1རྨ་ལྷོའི་གྱོད་གཞི1བཅས་ཡོད་པ་རེད། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གིས་གཙོ་གནད་ཐོག་དོ་ཁུར་བྱས་པའི་ནང་ཟི་ལིང་གྲོང་ཁྱེར་གྱི་གྱོད་གཞི4དང་། མཚོ་ཤར་གྲོང་ཁྱེར་གྱི་གྱོད་གཞི3རྨ་ལྷོ་ཁུལ་གྱི་གྱོད་གཞི1བཅས་ཡོད་པ་རེད། 

ལོ་ཙཱ་བ།རྟ་མགྲིན་དཔལ།