རང་ཞིང་གིས་བྱ་དགའི་ཁ་གསབ་སྒོར་ཁྲི5000བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གཞུང་སྒྲུབ་ཞབས་ཞུའི་ཆ་རྐྱེན་ཇེ་ལེགས་སུ་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།   གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་གཞུང་ལས་ཞབས་ཞུའི་སྒྲིག་བཀོད་ཚད་གཞིའི་ཁེབས་ཚད་དང་། གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་གཞུང་ལས་ཞབས་ཞུའི་ཆ་རྐྱེན། གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་དོ་དམ་ཞབས་ཞུའི་ཆུ་ཚད་བཅས་མཐོ་རུ་གཏང་ཆེད་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་བྱ་ཆེད། ཟླ7ཚེས1ཉིན། ཞིང་ཆེན་དངམས་སྲིད་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་གཉིས་ཀྱིས་མཉམ་དུ2019ལོའི་གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་གཞུང་ལས་ཞབས་ཞུའི་སྒྲིག་བཀོད་རྣམ་གྲངས་ཐད་ལ་མ་དངུལ་སྒོར་ཁྲི5000བཏང་ནས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་གྲོང་གསེབ་སྡེ་ཁུལ་གྱི་གཞུང་ལས་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི91བཀོད་སྒྲིག་བྱས་པ་དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་སྡེ་ཁུལ་གྱི་གཞུང་ལས་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞིའི13དང་གྲོང་གསེབ་སྡེ་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི78བཀོད་སྒྲིག་བྱས་པ་རེད། 

ཤེས་རྟོགས་བྱུང་བ་ལྟར་ན། ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་གྱིས་ས་གནས་ཁག་གིས་ལས་གཞིའི་མ་དངུལ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་ནན་དུ་གཏོང་བ། ནོར་དོན་གྱི་ཞིབ་རྩིས་ཚད་ལྡན་དུ་གཏོང་བ། བཀག་ཉར་དང་གཞན་སྤྱོད་བཅས་བྱས་ནས་ཞིང་ཆེན་རིམ་པའི་མ་དངུལ་གྱི་ཕན་འབྲས་ཐོན་རྒྱུའི་འགན་ལེན་བྱེད་དགོས་ལ། འཛུགས་སྐྲུན་གྱི་གཞི་ཁྱོན་ཚད་གཞི་མ་ལོན་པ་དང་། འཛུགས་སྐྲུན་གྱི་སྤུས་ཚད་ཚད་གཞི་མ་ལོན་པ། དེ་བཞིན་སྒྲིག་འགལ་ངང་ཞིང་ཆེན་རིམ་པའི་མ་དངུལ་བཀག་ཉར་དང་། དག་ཐེར་བྱས་ཀྱང་ཕན་འབྲས་མ་ཐོན་པའི་རིགས་ལ་ལོ་རྗེས་མའི་མ་དངུལ་བཀོད་སྒྲིག་མི་བྱེད་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

ལོ་ངོ་འདི་དག་གི་རིང་ལ། ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་ཞིང་ཆེན་ནོར་སྲིད་སོགས་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་གཞུང་དོན་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ་དང་།ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་གཞུང་དོན་ཞབས་ཞུའི་སྒྲིག་བཀོད་ཚད་ལོན་ཁྱབ་ཚད92%དང80%ཟིན་པ། གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱིས་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་སྤྱི་པའི་ཞབས་ཞུ་སྒྲུབ་པ་དང་གྲོང་མི་མང་ཚོགས་ལ་མཁོ་སྤྲོད་བྱེད་པའི་ལས་སྟེགས་དང་གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་བཅོས་སྐྱོང་གི་རྨང་གཞི་ཇེ་བརྟན་དུ་བཏང་བ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་དུ་བསྟར་བ། དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ། གྲོང་ཁྱེར་དང་གྲོང་གསེབ་གཞི་རིམ་གྱི་ཏང་གི་སྲིད་སྐྱོང་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་ལ་འགན་ལེན་ནུས་ལྡན་བྱས་པ་རེད། 

ལོ་ཙཱ་བ། ཀླུ་མོ།