ལོ6མན་གྱི་བྱིས་པ་རིན་མེད་སྒོས་སྤྱི་སྤྱོད་རླངས་འཁོར་ལ་བསྡད་ཆོག

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་སྔོན། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས《འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་འགྲིམ་འགྲུལ་སྐྱེལ་འདྲེན་རིན་གོང་བཅོས་སྒྱུར་ཟབ་སྤེལ་ཐད་ཀྱི་བསམ་འཆར(བསམ་འཆར་བསྡུ་ལེན་མ་ཡིག)》དཔར་འགྲེམ་བྱས་ཤིང་། དེའི་ཁྲོད། གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་དང་ལམ་ཐག་རིང་བའི་འགྲུལ་སྐྱེལ་རླངས་འཁོར་གྱི་བྱིས་པའི་གཟིགས་སྐྱོང་སྲིད་ཇུས་བཏོན་ཏེ། ལོ6མན་གྱི་བྱིས་པ་རིན་མེད་སྒོས་རླངས་འཁོར་ལ་བསྡད་ཆོག་པ་དང་ལོ6ནས་ལོ14བར་གྱི་བྱིས་པའི་པ་སེ་རིན་གོང་ཕྱེད་ཀ་གཅག་རྒྱུ་ཡིན་པ་རེད།

《བསམ་འཆར་བསྡུ་ལེན་མ་ཡིག》ལྟར་ན། ནུས་ལྡན་གྱི་ཐོབ་ཐང་དཔང་ཡིག་བཟུང་ཡོད་པའི་བྱིས་པར་ལོ་ཚོད་ལྟར་ཚད་གཞིར་འཛིན་རྒྱུ་དང་། ཐོབ་ཐང་དཔང་ཡིག་བཟུང་མེད་ཚེ་གཟུགས་པོའི་རིང་ཚད་ལྟར་ཚད་གཞིར་བཟུང་སྟེ། གཙོ་བོ་ཡུལ་སྐོར་པའི་འགྲོ་འོང་དང་ཚོང་གཉེར་མཁན་ལ་སྟབས་བདེ་བསྐྲུན་ཆེད་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།