【སྤེལ་སྒང་ན་ཡོད་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ།】 རྨ་ལྷོ་ཁུལ་གྱིས་རེས་སྐོར་གསར་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱ་བ་བསུ་བར་བཀོད་སྒྲིག་བྱས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས15ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་གིས་རྨ་ལྷོ་ཁུལ་དུ་སྤེལ་རིང་མཐུན་སྦྱོར་བྱ་བའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་འཚོགས་ཏེ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་དྲུག་པས་མཚོ་སྔོན་ཞིང་ཆེན་ལ་ལྟ་ཞིབ་བྱེད་པའི་བྱ་བའི་སྐུལ་སློང་ཚོགས་འདུ་དང་།《ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱ་བའི་གཏན་འབེབས》ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཁུལ་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གནད་དོན་དག་ཐེར་བྱས་ཚུལ་བརྡ་ཁྱབ་བཏང་བ་དང་འབྲེལ་རེས་སྐོར་གསར་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་འབྲེལ་ཡོད་བྱ་བ་ལ་བསུ་བ་ཞུ་བའི་ཐད་བཀོད་སྒྲིག་ཀྱང་བྱས་པ་རེད།

ཚོགས་འདུའི་ཐོག་ས་གནས་ཁག་དང་སྡེ་ཚན་ཁག་དང་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལ་བསུ་བ་ཞུ་རྒྱུ་དེ་མངོན་གསལ་དོད་པའི་གནད་དོན་བཙལ་འཚོལ་དང་ཐག་གཅོད་བྱེད་པ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་གཏང་བའི་གོ་སྐབས་གལ་ཆེན་ཞིག་ཏུ་བརྩིས་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་ཏན་ཏིག་གཏང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། “ཕྱིར་མིག་ལྟ་བར”ནན་ཏན་བྱེད་པ། ཕྱོགས་ཡོངས་ནས་སླར་ཡང“གཟུགས་པོར་བརྟག་དཔྱད”བྱེད་པ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་རྨ་ལྷོ་ཁུལ་དུ་གནས་པའི་རིང་གི་བྱ་བ་ཁག་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏང་བ་བཅས་བྱེད་དགོས་ཞེས་བསྟན་པ་རེད། 

ཚོགས་འདུའི་ཐོག་ས་གནས་ཁག་དང་སྡེ་ཚན་ཁག་གིས་དག་ཐེར་བྱ་བའི་ཁྲོད་ཀྱི་ཞན་ཆར་དམ་པོར་དམིགས་ཏེ།ལྟ་སྐུལ་ཞིབ་བཤེར་དང་སྒྲུབ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་།བྱ་བ་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། དེ་བས་ནུས་ལྡན་གྱི་ལས་ཀའི་གྲུབ་འབྲས་ལ་བརྟེན་ནས་ལྟ་ཞིབ་ཚོགས་ཆུང་གི་ཞིབ་བཤེར་ཁྱོན་ཡོངས་ནས་དང་ལེན་བྱེད་དགོས་པ་ནན་བཤད་བྱས་པ་རེད། རང་བཤེར་གཏིང་ཟབ་དང་། གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་པ། འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་བཅས་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ཡིག་ཚགས་ཀྱི་དཔྱད་གཞི་ཚད་ལྡན་དུ་གཏང་བ། ཞབས་ཞུ་འགན་ལེན་བྱེད་པ་བཅས་ཀྱི་ཐོག་ནས་རེས་སྐོར་གོང་མའི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱེད་རིང་གི་ཉམས་མྱོང་དང་བྱེད་ཐབས་བཟང་པོ་ཕྱོགས་སྡོམ་ནན་ཏན་བྱེད་པ་དང་། གྲ་སྒྲིག་ཞིབ་ཚགས་བྱེད་པ། བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ལྟ་ཞིབ་བཅའ་སྡོད་མ་བྱས་གོང་གི་གྲ་སྒྲིག་བྱ་བ་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབ་དགོས་ཞེས་བསྟན་པ་རེད། 

ལོ་ཙཱ་བ།རྟ་མགྲིན་དཔལ།