རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་དང་པོ་བསྡུས་པ།

— ལིག་ཉིང་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། ཀྲང་ཅན་ལུང་གིས་ཚོགས་འདུར་གཙོ་སྐྱོང་གནང་ཞིང་གཏམ་བཤད།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཟླ7ཚེས12ཉིན་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་བའི་ལས་དོན་འགོ་ཁྲིད་ཚན་ཆུང་གིས་ཚོགས་འདུ་ཐེངས་དང་པོ་དེ་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུའུ་ནས་འཚོགས་པ་རེད། ཚོགས་འདུའི་སྟེང་མཚོ་སྔོན་གྱི་ནགས་ལས་རྩྭ་ཐང་གི་ལས་དོན་དང་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་བྱ་བའི་གྲ་སྒྲིག་གི་གནས་ཚུལ་སོགས་ལ་ཉན་ནས《མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞིར》གྲོས་ཞིབ་བྱས་པ་རེད། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་དང་ཧྲིན་ཀྲང་ལིག་ཉིང་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་ཀྱང་གནང་། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲེན་གྱིས་འབྲེལ་ཡོད་བྱ་བའི་ཐད་ལ་སྙན་སེང་ཞུས།

ལིག་ཉིང་གིས་བསྟན་དོན། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་རྒྱུ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་ཡོན་གྱི་དགོངས་དོན་ལག་བསྟར་བྱེད་པའི་ལག་ལེན་གསོན་ཉམས་དོད་པ་ཞིག་དང་། “ཆེན་པོ་གསུམ”གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པའི་མངོན་འགྱུར་ཐབས་ལམ་ཞིག སྐྱེ་ཁམས་འཚོལ་ཞིབ་དང་ལྗང་མདོག་འཕེལ་རྒྱས་དེ་ཕྱོགས་སྟོན་དུ་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གལ་ཆེན་ཞིག་བཅས་ཡིན། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་མཚོ་སྔོན་ལ་ཐུན་མིན་གྱི་རང་བྱུང་ཆ་རྐྱེན་དང་། སྲིད་ཇུས་ཀྱི་ངོས་འཛིན་ཚད་མཐོའི་གཅིག་གྱུར་བྱེད་པ། རང་འགུལ་ངང་གསར་གཏོད་ལག་ལེན་ལ་བརྩི་འཇོག་བྱེད་པ་བཅས་ཀྱི་རྨང་གཞིའི་ཆ་རྐྱེན་འཛོམས་ཡོད། དངོས་ཡོད་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བ་དང་། “འདུ་ཤེས་བཞི”ལ་ཤུགས་སྣོན་བྱེད་པ། “ཡིད་རྟོན་བཞི”བརྟན་སྲུང་བྱེད་པ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ། སྲུང་སྐྱོང་གི་ལེགས་ཆ་རྒྱུན་འཁྱོངས་སྒོས་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ། འཆར་འགོད་སྔོན་ལ་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། བརྟན་འཇགས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ཁྲིམས་ལྟར་འཛུགས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། འཆམ་མཐུན་གཉིས་ཕན་མཐའ་འཁྱོངས་བྱེད་པ་བཅས་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། རྩ་འཛུགས་ཀྱི་སྐུལ་འདེད་ལ་ཤུགས་སྣོན་དང་། ལས་ཀའི་མཉམ་ཤུགས་གཅིག་སྒྲིལ་བྱེད་པ། ཧུར་ཐག་སྒོས་འཚོལ་ཞིབ་གསར་གཏོད་དང་རྣམ་པ་ལེགས་པོ་ཞིག་གསར་བཟོ་བཅས་ཀྱིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ནང་དོན་ཁྱབ་རྒྱ་ཆེ་རུ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་དེ་མཚོ་སྔོན་མཐོ་སྒང་དུ་རྩ་བ་ཚུགས་ཏེ་མེ་ཏོག་བཞད་ནས་འབྲས་བུ་སྨིན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་བསྟན།

ཀྲང་ཅན་ལུང་གིས་ནན་གྱིས་བསྟན་དོན། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྲུན་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་ཡོན་གྱི་དགོངས་དོན་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་བཏོན་པའི་བཅོས་བསྒྱུར་གྱི་ལས་འགན་གལ་ཆེན་ཞིག་ཡང་ཡིན། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། 《རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐོར་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ལག་ལེན་དོན་འཁྱོལ་ནན་ཏན་བྱེད་པ། དཔེ་མཚོན་ཅན་དང་དཔེ་སྟོན་ཅན་ལ་སྣེ་ཁྲིད་མཐའ་འཁྱོངས་བྱེད་པ། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་བར་ཧུར་ཐག་གིས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། 《མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི》ནི་ཐུན་མོང་གིས་ཞིབ་འཇུག་སྒོས་འཐུས་ཚང་དུ་གཏོང་དགོས། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་དང་བཀོལ་སྤྱོད་སྒྲིག་གཞི་གསར་གཏོད། སྲིད་ཇུས་ཀྱི་རམ་འདེགས་འཐུས་ཚང་དུ་གཏོང་བ་བཅས་ཀྱིས་ཕུགས་རྒྱང་རིང་བོའི་གཙོ་གནད་ལས་འགན་ཞིབ་ཚགས་སུ་གཏོང་བ་དང་རྣམ་པ་གསར་གཏོད་བྱེད་པ། ཚོང་རྟགས་གསར་བཟོ་བྱེད་པ། གོ་རིམ་ལྡན་པའི་ངང་ནས་ནུས་པ་ཐོན་པར་སྐུལ་འདེད་གཏོང་བ། མི་དང་རང་བྱུང་ཁམས་ཀྱི་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྐྱེ་ཁམས་མཛེས་སྡུག་དང་། ཐོན་ལས་དར་རྒྱས། མི་དམངས་ཕྱུག་འགྱུར་ཡོང་བ་བཅས་བྱེད་དགོས།རྩ་འཛུགས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་དང་། མཛུབ་སྟོན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གོང་འོག་སྦྲེལ་མཐུད་ལ་གཞོགས་འདེགས་བྱེད་པ། ཕྱོགས་སོ་སོའི་གྲོས་མཐུན་སྟོབས་ཤུགས་བཅས་ཀྱིས་མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུར་ཆ་རྐྱེན་ལེགས་པོ་འདོན་སྤྲོད་བྱེད་དགོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།