སྐྱེས་པ་ཞིག་གིས་ཤིང་ཏོག་རྐུ་འཚོང་བྱས་པས་འཛིན་བཟུང་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། དེ་ཡང་ཁེ་སྤོགས་ལ་ཧམ་སེམས་སྐྱེས་པའི་སྐྱེས་པ་ཞིག་གིས་རང་དང་ལས་རིགས་གཅིག་པུའི་ཤིང་ཏོག་འཚོང་མཁན་གྱི་ཤིང་ཏོག་རྐུས་ཏེ་ཕྱིར་འཚོང་བྱས་པ་རེད། ཟླ7པའི་ཚེས5ཉིན། ཟི་ལིང་གྲོང་ཁྱེར་མཁར་བྱང་སྤྱི་བདེ་ཡན་ལག་ཅུའུ་ཡིས་མཚོ་སྔོན་ཞིང་ལས་ཚོང་རའི་བདེ་སྲུང་མངགས་གཏོང་ཁང་གིས་རྐུ་འཁྱེར་བྱས་པའི་གྱོད་དོན་རབ་དང་རིམ་པ་མང་པོ་ཞིག་རྩད་གཅོད་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་མི་སྣ1འཛིན་བཟུང་བྱས་ཤིང་། གྱོད་དོན་དེ་མ་དངུལ་སྒོར9000ལ་འབྲེལ་བ་ཡོད་ངེས།

རྩད་གཅོད་ཞིབ་བཤེར་བརྒྱུད། ཟླ6པའི་ཚེས18ཉིན་ནས་ཟླ7པའི་ཚེས1ཉིན་བར་དུ་དོགས་ཡོད་ཉེས་ཅན་ཡེས་ག་གེ་མོ་ཡིས་མགྲོན་འཁོར་སྐོར་ཏེ་མདོ་དབུས་མཐོ་སྒང་གི་གཅིག་བསྡུས་ཉོ་འཚོང་ལྟེ་གནས་ལ་ངན་འབྲེལ་བྱས་ཏེ། ཚོང་བདག་གིས་ངལ་གསོ་བྱེད་པའི་ཞོགས་པའི་དུས་ཚོད་བེད་སྤྱད་ནས་ཚོང་རའི་ནང་གི་ཆུ་ཀུབ་དང་ཀུ་ཤུ་སོགས་ཀྱི་ཤིང་ཏོག་རྐུ་འཁྱེར་བྱས་ཏེ། མགྲོན་འཁོར་གྱིས་རྐུ་འཁྱེར་བྱས་པའི་ཤིང་ཏོག་ཡོད་ཚད་ཧོར་གྲོང་རྫོང་དུ་སྐྱེལ་འདྲེན་སྒོས་ཤིང་ཏོག་ཕྱིར་འཚོང་བྱས།

ཚོང་བདག་གི་གྱོད་དོན་སྙན་སེང་འབྱོར་རྗེས་མཚོ་སྔོན་ཞིང་ལས་ཚོང་རའི་བདེ་སྲུང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་མྱུར་དུ་གྱོད་གཞིར་རྩད་གཅོད་བྱས་པ་རེད། རྩད་གཅོད་སྐབས་སུ་གྱོད་གཞི་བཟོ་མཁན་གྱི་མི་དམངས་ཉེན་རྟོག་པས་རྩད་གཅོད་འདྲི་རྟོག་མང་པོ་དང་སྒུག་སྡོད་ལྟ་སྲུང་ནན་མོ་བྱས་པ་བརྒྱུད་ཟླ7ཚེས5ཉིན་གྱི་སྔ་དྲོ། ཧོར་གྲོང་རྫོང་གི་ཡུལ་སྐོར་ལྗོངས་ཁུལ་ག་གེ་མོ་ཞིག་གི་སྒོ་རྩ་ནས་དོགས་ཡོད་ཉེས་ཅན་ཡེས་གེ་མོ་འཛིན་བཟུང་དང་སྐབས་དེར་ཁོས་རྐུ་འཁྱེར་བྱས་པའི་དངོས་པོ་སྐོར་ཞིག་ཀྱང་གཞུང་ལེན་ཐུབ་པར་གྱུར། འདྲི་གཅོད་བྱས་པ་བརྒྱུད་དོགས་ཡོད་ཉེས་ཅན་ཡེའུ་ག་གེ་མོས་དོན་དངོས་རྐུ་འཁྱེར་བྱས་པའི་ཉེས་བགད་དོན་དངོས་དེ་ངོས་ལེན་མི་བྱེད་པ་རེད།

རྒྱུས་ལོན་ལས་ཤེས་གསལ་ལྟར་ན། དོགས་ཡོད་ཉེས་ཅན་ཡེའུ་ག་གེ་མོས་སྔོན་ཆད་དངོས་རྫས་རྐུ་འཁྱེར་བྱས་པའི་ནག་ཉེས་བསག་པའི་དབང་གིས་ཁྲིམས་ཁང་གིས་དུས་བཅད་ཁྲིམས་ཐག་བཅད་མྱོང་། ཁོས་སྔོན་ཆད་མདོ་དབུས་མཐོ་སྒང་གཅིག་གྱུར་ཚོང་རའི་ལྟེ་གནས་སུ་སྔོ་ཚོད་ཕྱིར་འཚོང་བྱེད་བཞིན་ཡོད། ད་ལོའི་ལོ་སྟོད་ལ་རླངས་འཁོར་རྙིང་བ་བཙོངས་སའི་ཚོང་ར་ནས་མགྲོན་འཁོར་ཞིག་ཉོས་རྗེས། ཤིང་ཏོག་དང་སྔོ་ཚོད་ཕྱིར་འཚོང་ཁོ་ན་ཙམ་གྱིས་འཚོ་བ་མ་བསྐྱལ་པར་སྒོར་མོ་མང་པོ་ཞིག་ལེན་ཆེད། ཡེའུ་ག་གེ་མོ་མདོ་དབུས་མཐོ་སྒང་གི་གཅིག་གྱུར་ཚོང་རའི་ལྟེ་གནས་སུ་སོང་སྟེ་མི་གཞན་གྱི་ཤིང་ཏོག་རྐུ་འཁྱེར་བྱས་པ་རེད།

ད་ལྟ་དོགས་ཡོད་ཉེས་ཅན་ཡེའུ་ག་གེ་མོས་གཞན་གྱི་དངོས་པོ་རྐུ་འཁྱེར་བྱས་པའི་ནག་ཉེས་བསགས་པའི་རྐྱེན་གྱིས་མཁར་བྱང་ཉེན་རྟོག་པས་ཁྲིམས་ལྟར་ཉེས་དོན་བཀག་སྐྱིལ་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།