ཀྲང་ཤིས་མིང་གིས“ཐོག་མའི་བསམ་འདུན་མི་བརྗེད། འགན་འཁྲི་ཡིད་ལ་དམ་འཛིན”བརྗོད་དོན་གཙོ་བོའི་སློབ་གསོའི་ཏང་གི་ཆེད་དོན་སློབ་ཁྲིད་བྱེད་སྐབས་གཏམ་བཤད་གནང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས10ཉིན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། དྲིལ་སྒྲོག་པུའི་པུའུ་ཀྲང་ཀྲང་ཤིས་མིང་གིས་སློབ་སྦྱོང་དང་རྟོག་ཞིབ་ཀྱི་གྲུབ་འབྲས་དང་ཟུང་འབྲེལ་བྱས་ཏེ།“ཐོག་མའི་བསམ་འདུན་མི་བརྗེད་ཅིང་། འགན་འཁྲི་འཁུར་ནས་ཧེ་བག་འཚོལ་བ་དང་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་དུས་རབས་གསར་པའི་དྲིལ་སྒྲོག་བསམ་བློའི་བྱ་བའི་རྣམ་པ་གསར་པ་གཏོད་དགོས”ཞེས་པ་བརྗོད་དོན་དུ་བྱས་ནས་དྲིལ་སྒྲོག་བསམ་བློ་དང་རིག་གནས་འཐབ་ཕྱོགས་ཀྱི་ཏང་ཡོན་ལས་བྱེད་པར་ཆེད་དོན་བཀོད་སྒྲིག་བྱས་པ་རེད།

ཀྲང་ཤིས་མིང་གིས“ཐོག་མའི་བསམ་འདུན་མི་བརྗེད། འགན་འཁྲི་ཡིད་ལ་དམ་འཛིན”བརྗོད་དོན་གཙོ་བོར་དམིགས་ཏེ། དྲིལ་སྒྲོག་བསམ་བློའི་བྱ་བ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བསམ་བློའི་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། དྲིལ་སྒྲོག་བསམ་བློའི་བྱ་བ་ནི་ཏང་གི་གལ་འགངས་ཤིན་ཏུ་ཆེ་བའི་བྱ་བ་ཞིག་ཡིན་ལ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོན་ལ་དྲག་ཆས་སྤྲོས་པ་དང་མི་དམངས་ལ་སློབ་གསོ་གཏང་བ། གསར་འགྱུར་གླེང་ཕྱོགས་ཀྱི་ཁྱབ་སྤེལ་ནུས་པ་དང་། ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ཐེབས་ནུས། ཀུན་གྱིས་ཡིད་ཆེས་བྱེད་ཚད་བཅས་མཐོ་རུ་གཏང་བ། མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་བའི་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་བྱེད་པ། རིག་གནས་གསར་གཏོད་དང་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་བྱེད་པ། དྭངས་ཤིང་གཙང་བའི་དྲ་རྒྱའི་བར་སྟོང་གཏོད་པ། བདེན་པ་དང་། ཕྱོགས་ཡོངས། ཁྱོན་ཡོངས་བཅས་ཀྱི་ཀྲུང་གོ་མངོན་པ་སོགས་ཀྱི་ཐད་དུས་བབ་གསར་པའི་འོག་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་བྱ་བར་འཕྲད་པའི་དུས་བབ་ཀྱི་ལས་འགན་དང་། གནད་དོན་དཀའ་བ། བསམ་ཕྱོགས་དང་བྱ་ཐབས་བཅས་སྔར་ལས་ལྷག་པའི་སྒོ་ནས་གསལ་བཤད་བྱས་ཡོད།

ཀྲང་ཤིས་མིང་གིས་དྲིལ་སྒྲོག་དང་བསམ་བློའི་འཐབ་ཕྱོགས་ཀྱིས་བརྗོད་བྱ་གཙོ་བོའི་སློབ་གསོར་གོ་སྐབས་བྱས་ཏེ། མ་རྩོམ་ཀློག་པ་དང་། མ་རྩོམ་སློབ་པ། མ་རྩོམ་རིག་པའི་གོ་བ་རྟོགས་རྒྱུ་མཐའ་འཁྱོངས་བྱས་ཏེ། བསམ་བློ་དང་། བཀོལ་སྤྱོད། ཀུན་སྤྱོད། ཡིད་ཆེས་དང་བྱ་སྤྱོད་བཅས་གཅིག་གྱུར་ཡོང་བ་བྱ་དགོས་པའི་བླང་བྱ་བཏོན་པ་རེད། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་ནས་མངོན་གསལ་དོད་པའི་ཁ་ཕྱོགས་དང་རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས། བསམ་བློ་དང་སྤྱོད་ཚུལ་ཐད་ཀྱི་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་མཐའ་གཅིག་ཏུ་གཙང་སེལ་བྱེད་པ་དང་། བྱ་བའི་ཁྲོད་ཀྱི་ཞན་ཆ་དང་མི་འདང་སར་ཞིབ་བཤེར་ཞིབ་ཚགས་བྱེད་པ། རང་འགན་གཙང་སྒྲུབ་ནན་ཏན་དང་ལྷག་བསམ་རྣམ་དག་ངང་འགན་འཁྲི་འཁུར་བ། “འདུ་ཤེས་བཞི”གཏིང་ཟབ་དང་། “གདེང་ཚོད་བཞི”བརྟན་དུ་གཏང་བ། “སྲུང་སྐྱོང་གཉིས”བསྒྲུབ་ཐུབ་པ་བཅས་ཀྱི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏང་བ། བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་དེ་བྱ་བའི་ཕན་འབྲས་དངོས་ལ་འགྱུར་རྒྱུར་སྐུལ་འདེད་གཏང་བ། བསམ་བློའི་རིམ་སྤོར་ཆེན་པོ་དང་། སྤྱོད་ཚུལ་འགྱུར་ལྡོག་ཆེན་པོ། བྱ་བའི་གྲུབ་འབྲས་གསར་པ་བཅས་ལ་བརྟེན་ནས་ཏང་དང་མི་དམངས་ལ་ཚད་ལྡན་གྱི་རྒྱུགས་ཤོག་ཅིག་འབུལ་དགོས་པའི་བླང་བྱ་བཏོན་པ་རེད།


ལོ་ཙཱ་བ། གཡང་སྐྱིད།