ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་སྐབས་འགྲིམ་འགྲུལ་བྱ་བར་རྣམ་དཔྱོད་ཕུལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས“ཐོག་མའི་བསམ་འདུན་མི་བརྗེད། འགན་འཁྲི་ཡིད་ལ་དམ་འཛིན”བརྗོད་དོན་སློབ་གསོའི་ལག་བསྟར་ཇུས་གཞི་གཞིར་བཟུང་སྟེ། ཟླ6པའི་ཚེས19ཉིན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཙུའུ་ཡིས་ཆེད་དོན་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད།

བགྲོ་གླེང་དེ་གཙོ་བོ“‘འདུ་ཤེས་བཞི’ཟབ་ཏུ་གཏོང་བ་དང་། ‘གདེང་ཚོད་བཞི”བརྟན་དུ་གཏོང་བ། ‘སྲུང་སྐྱོང་གཉིས་བསྒྲུབ་པ’” ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་ཡོད། ཚན་པའི་ཁོངས་མི་ཁག་གིས་སོ་སོའི་ལས་བགོས་འགན་གཉེར་བྱ་བའི་དོན་དངོས་དང་ཟུང་འབྲེལ་གྱིས་ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གཉིས་པའི་བླང་བྱར་ནན་པོར་གཞིགས་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ། ཕུགས་བསམ་དད་སེམས། དམིགས་ཡུལ་གྱི་ངོ་བོ། འགན་འཁྲི་འཁུར་བ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ། ཏང་གཤིས་བློ་སྦྱོང་། སྤྱོད་གཙང་རང་གཅུན་སོགས་ཕྱོགས8ཀྱི་སློབ་སྦྱོང་སྤེལ་རེས་དང་གཅིག་སྡུད་བགྲོ་གླེང་ལ་དམ་པོར་དམིགས་ཡོད་པ་རེད། སློབ་སྦྱོང་སྤེལ་རེས་དང་གཅིག་སྡུད་བགྲོ་གླེང་བྱས་པ་བརྒྱུད་ཕུགས་བསམ་དང་དད་སེམས་སྔར་བས་བརྟན་དུ་ཕྱིན་ཞིང་། བསམ་བློའི་ཐོག་ནས་ཏང་འཛུགས་སྐྱོང་དང་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་སྟོབས་ཆེར་གཏོང་བའི་ངོས་འཛིན་ཟབ་ཏུ་ཕྱིན་པ། འགྲིམ་འགྲུལ་སྐྱེལ་འདྲེན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་བའི་མཐོང་རྒྱ་ཆེ་རུ་ཕྱིན་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས། ལག་ལེན་ལ་མཛུབ་ཁྲིད་དང་བྱ་བར་སྐུལ་འདེད་གཏོང་བའི་ཐད་བསམ་ཕྱོགས་དང་ཁ་ཕྱོགས་དེ་བས་ཁ་གསལ་བྱུང་ཡོད།

ཚོགས་ཞུགས་མི་སྣས་ཐེངས་འདིའི་ཆེད་དོན་བགྲོ་གླེང་གི་གྲུབ་འབྲས་གང་ལེགས་སྤྱད་དེ། དེང་སྐབས། མཚོ་སྔོན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་ལ་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་གཞི་ཚུགས་ནས“ཏན་ཏིག་བཞིའི”བླང་བྱ་གལ་ཆེན་ལག་བསྟར་ནན་ཏན་བྱ་རྒྱུ་དང་། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་འགྲིམ་འགྲུལ་སྟོབས་ཤུགས་དང་འགྲིམ་འགྲུལ་བློ་གྲོས་རྒྱུན་ཆད་མེད་པར་འབུལ་དགོས་པ་བསྟན།


ལོ་ཙཱ་བ། གཡང་སྐྱིད།