དུར་ལམ་རྫོང་གིས་ནག་ཚོགས་དང་འབྲེལ་པའི་མི11ལ་ཁྲིམས་ཆད་བཅད་པ།

ཟླ7ཚེས9ཉིན་གྱི་སྔ་དྲོར། མཚོ་ནུབ་ཁུལ་དུར་ལམ་རྫོང་མི་དམངས་ཁྲིམས་ཁང་གིས་ནག་འབྲེལ་ཉེས་དོན་གྱོད་གཞི་ཐོག་མ་དེ་འདྲི་གཅོད་ཁྲིམས་ར་དང་པོར་འདྲི་གཅོད་བྱས། ཀུན་གྱིས་དོ་སྣང་བྱེད་པའི་ཁྲིམས་སའི་འདྲི་གཅོད་དེ་ནི་དུར་ལམ་རྫོང་གི་ནག་སེལ་ངན་འཇོམས་ཀྱི་ཆེད་དོན་འཐབ་རྩོད་ལས་དོན་སྤེལ་ཚུན་ཞིབ་གཅོད་བྱས་པའི་ནག་འབྲེལ་ཉེས་དོན་གྱོད་གཞི་ཐོག་མ་དེ་ཡིན་པ་རེད། 

2014ལོ་ནས2018ལོའི་བར། ཞུ་སྦྱོར་ཕྱི་མ་སང་ཆེ་གེ་མོས་ཞུ་སྦྱོར་ཕྱི་མ་པ་གཞན10བསྡུ་རུབ་བྱས་ནས་དུས་རྒྱུན་མཉམ་དུ་རླངས་འཁོར་གྱི་ལམ་འགོག་པ་དང་། རླངས་འཁོར་བཙན་ལེན་བྱེད་པ། ཚིག་རྩུབ་མོས་འཇིགས་སྐུལ་བྱེད་པ། ཨར་སྐྲུན་ལ་འགོག་རྐྱེན་བཟོ་བ། རླངས་འཁོར་བཀག་ཉར་བྱེད་པ། རྒྱུ་མཚན་མེད་པར་མི་གཞན་གྱི་རླངས་འཁོར་བཀག་ཉར་བྱེད་པ། མི་མང་མཉམ་རུབ་ཀྱིས་གྲོང་རྡལ་སྲིད་གཞུང་དང་མངག་གཏོང་བྱ་བ་སོགས་ལ་སུན་གཙེར་བཟོས་ཤིང་། ཐེངས་གང་མང་ལ་ཀུང་སི་གཉིས་ཀྱི་རླངས་འཁོར་གཞན་དག་གི་རིན་གོང་ལས་མཐོ་བའི་ཐོག་ནས་སྐྱེལ་འདྲེན་ཞབས་ཞུ་དང་ལེན་བྱེད་དུ་བཅུག་པ་མ་ཟད། རྒྱུ་ནོར་ཡང་ལེན་དུ་བཅུག་པ་རེད། 

ཁྲིམས་ལྟར་ཞིབ་གཅོད་བྱས་པ་བརྒྱུད་དུར་ལམ་རྫོང་མི་དམངས་ཁྲིམས་ཁང་གིས་སང་ཆེ་གེ་མོ་ནི་ངན་ཤུགས་ཚོགས་པ་བསྡུ་རུབ་བྱེད་མཁན་ཡིན་པར་ངོས་འཛིན་བྱས་ཤིང་། ཁོ་ཚོས་བཙན་ཤེད་ཀྱིས་ཉོ་ཚོང་དང་བཙན་ལེན། བསྙད་རྐོ་ཟིང་སློང་སོགས་ཀྱི་བྱས་ཉེས་དུ་མ་བསགས་པར་དུས་བཙོན་ལོ9དང་ཟླ6གི་ཉེས་ཆད་བཅད་པ་དང་། དེ་བྱིངས་ཀྱི་ཞུ་སྦྱོར་ཕྱི་མ་པ10ཡིས་སོ་སོར་ལོ5ནས་ལོ1བར་གྱི་དུས་བཀག་བཙོན་འཇུག་གི་ཉེས་ཆད་བཅད་པ་རེད། 

ལོ་ཙཱ་བ།རྟ་མགྲིན་དཔལ།