རང་ཞིང་ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་གློག་བརྙན་ཐུང་གྲས་ཐོག་མ་སྐུད་ལམ་དུ་བཏོན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་ལས་དོན་སྐོར་བརྗོད་པའི་གློག་བརྙན་ཐུང་གྲས་ཐོག་མ《དྭངས་གཙང་རི་ཆུའི་གཅེས་སྲུང》ཞེས་པ་དེ་ཉིན་ཤས་གོང་མི་དམངས་བརྙན་ལམ་དང་། ཐུན་ཞུན་བརྙན་ལམ། ཡིའུ་ཁུའུ་བརྙན་ལམ། དུས་ཐོག་གསར་འགྱུར་སོགས་རྒྱལ་ནང་དྲ་ཚིགས་སུ་དུས་གཅིག་ཏུ་བསྟན་པ་རེད། 

གློག་བརྙན་ཐུང་གྲས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“སྔོ་ཞིང་དྭངས་པའི་རི་ཆུ་རིན་ཆེན་གསེར་ལས་ལྷག་ཡིན”ཞེས་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། གཏམ་རྒྱུད་ཀྱི་མ་དཔེ་ཚང་མ་ཉེ་བའི་ལོ་ཤས་རིང་གྱོད་ཁོངས་སུ་བཅུག་པའི་ཁོར་ཡུག་ཐོན་ཁུངས་རིགས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཡིན་པས།སྤྱི་དམངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་མཐོང་ཆེན་དང་ཞིབ་དཔྱོད་ཁང་གི་སྤྱི་ཕན་གཏུག་བཤེར་འགན་ནུས་དྲིལ་སྒྲོག་བྱ་རྒྱུར་ཁྲིད་སྟོན་བྱ་རྒྱུར་དྲིལ་སྒྲོག་དང་སློབ་གསོའི་དོན་སྙིང་ཆེན་པོ་ལྡན་ཡོད། 

སྤྱི་ཕན་གཏུག་བཤེར་ནི་དུས་རབས་གསར་པའི་བཅའ་ཁྲིམས་ཀྱིས་ཞིབ་དཔྱོད་ལས་ཁུངས་ལ་སྤྲད་པའི་ཞིབ་དཔྱོད་ཀྱི་འགན་ནུས་གསར་པ་ཞིག་ཡིན་ཞིང་། དེའི་ངོ་བོ་ནི་བཅའ་ཁྲིམས་ཀྱི་ལྟ་སྐུལ་ལ་བརྟེན་ནས་ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་དང་། དྲང་གཞག་དྲང་བདེན་སྲུང་སྐྱོང་། སྤྱི་པའི་ཁེ་ཕན་སྲུང་སྐྱོང་བཅས་བྱ་རྒྱུ་དེ་རེད། སོ་ལྟ་བྱེད་པ་ནི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་མངོན་པ་དང་། ལྟེ་བར་དམིགས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རང་རྟོགས་ངང་ཞབས་འདེགས་ཞུ་བ་དང་འགན་ལེན་བྱེད་པ་བཅས་ཀྱི་མཚོན་ཚུལ་གལ་ཆེན་ཞིག་ཡིན་པས། ཁེ་མང་མཉམ་ཁེ་མངོན་འགྱུར་བྱ་རྒྱུར་ཕན་ཐོགས་ཡོད། 

ལོ་ཙཱ་བ།རྟ་མགྲིན་དཔལ།