མཚོ་སྔོན་གྱི་ནག་འཇོམས་ངན་སེལ་རིམ་པ་དང་པོའི་སྤྱི་བདེ་ཚོགས་སྤྱི10ཡི་མི་དམངས་ཉེན་རྟོག་པ81ལ་གཟེངས་བསྟོད་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། དེ་ཡང་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱ་བ་སྤེལ་པ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། སྤྱི་བདེ་པུའུ་ཡི་འགོ་ཁྲིད་རྒྱུན་འཁྱོངས་འོག་འགན་ལེན་ཕོད་པ་དང་བྱ་བར་ཧུར་བརྩོན། རང་འགུལ་བྱ་སྤྱོད། མཁྲེགས་གཏོར་དང་ལེན་བཅས་བྱས་ཡོད། ད་ལྟའི་བར་དུ་ཁྱོན་བསྡོམས་ནག་ཚོགས་གྱོད་དོན་མི་འདྲ་བ70ལྷག་མྱུལ་ཞིབ་རྩད་གཅོད་བྱས་ཤིང་། རིགས་མི་འདྲ་བའི་ཉེས་དོན་གྱོད་དོན608གཏོར་ནས་ཉེས་ཅན625བཀག་སྐྱིལ་བྱས། འབྲེལ་ཡོད་ཐོན་རྫས་རིན་ཐང་སྒོས་དུང་ཕྱིར4.43རྩད་གཅོད་བྱས་ཤིང་། གཞུང་ཞབས་མི་སྣ་དང་སྡེ་བའི་ལས་བྱེད་མི་སྣ་ལ་འབྲེལ་བ་ཡོད་པའི་ཁུངས་སྣེ་ཅན་གྱི111རྩིས་སྤྲོད་བྱས། རིགས་མི་འདྲ་བ་དགུ་ཡི་གྱོད་དོན773དང་ཉེས་ཅན1463བཀག་སྐྱིལ་བྱས་ཡོད། རིགས་མི་འདྲ་བའི་ཁྲིམས་འགལ་མེ་མདའ2467ལྷག་དང་མདེའུ་ཁྲི18.45གཞུང་བཞེས་བྱས།

འཐབ་རྩོད་སྐབས་ཀྱི་ཆབ་སྲིད་བསམ་བློའི་བྱ་བ་དང་འཐབ་རྩོད་སྐབས་ཀྱི་གཟེངས་བསྟོད་བྱ་དགའི་སྒྲིག་གཞི་ལག་བསྟར་དངོས་འབེབས་བྱེད་པར་ཤུགས་སྣོན་བྱེད་ཆེད། ཧྲིན་ཀྲང་གཞོན་པ་དང་སྤྱི་བདེ་ཐིན་གྱི་ཐིན་ཀྲང་། ཞིང་ཆེན་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཀྲིན་ཧྲིན་གྱིས་བཀའ་བརྡ་བཏང་ནས་ཆེད་དོན་འཐབ་རྩོད་བྱ་བའི་ཁྲོད་ཀྱི་སྔོན་ཐོན་ཐུན་མོང་དང་མི་སྣ་དག་ལ་གཟེངས་བསྟོད་བྱ་དགའ་གནང་། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ལ་ཐུན་མོང་གི་རིམ་པ་དང་པོའི་བྱས་རྗེས1དང་ཐུན་མོང་གི་རིམ་པ་གསུམ་པའི་བྱས་རྗེས་ཅན7 ཐུན་མོང་གི་བྱ་དགའ་ཕུལ་བྱུང་ཅན2 བྱས་རྗེས་རིམ་པ་དང་པོ་ཅན་གྱི་མི་དམངས་ཉེན་རྟོག་པ4 རིམ་པ་གཉིས་པའི་བྱས་རྗེས་ཅན་གྱི་མི་དམངས་ཉེན་རྟོག་པ11 རིམ་པ་གསུམ་པའི་བྱས་རྗེས་ཅན་གྱི་མི་དམངས་ཉེན་རྟོག་པ28 མི་སྒེར་བྱ་དགའ་ཕུལ་བྱུང་ཅན38བཅས་ཁྱོན་བསྡོམས་ཐུན་མོང་གི་གཟེངས་བསྟོད་བྱ་དགའ10དང་མི་སྒེར81ཡོད་པ་རེད དེ་དང་ཆབས་ཅིག སྤྱི་བདེ་ཐིན་གྱི་ཏང་ཨུའི་ཁོངས་མི་གཞི་རིམ་དུ་སྐྱོད་པའི་རིམ་པ་དང་པོའི་མི་དམངས་ཉེན་རྟོག་པ46ལ་བྱས་རྗེས་གཟེངས་བསྟོད་བྱ་དགའ་གནང་།

ཐེངས་རྗེས་མར་ཞིང་ཆེན་སྤྱི་བདེ་ཐིན་ཏང་ཨུ་ཡིས“ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཛིན་པའི”སློབ་གསོའི་བརྗོད་དོན་བྱ་བ་སྤེལ་པ་དང་། “ལག་ལེན་གྱི་འགན་འཁྲི་གསར་བས་བློ་དཀར་སེམས་ཀྱིས་ཞི་བདེ་སྲུང་བའི”དངོས་ཡོད་བྱ་འགུལ་གཏིང་ཟབ་སྒོས་སྤེལ། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་སྐུལ་འདེད་བྱེད་པ་དམ་སྦྲེལ་སྒོས་གོམ་གང་མདུན་སྤོས་སྒོས་འཐབ་རྩོད་སྐབས་སྒྲིག་ཁྲིམས་ནན་སྲུང་དང་སྐུལ་འདེད་འགན་སྲུང་ལ་ཤུགས་སྣོན་གྱིས། སྔར་ལས་ལེགས་པོའི་དམིགས་ཚད་ཀྱི་ཕུལ་བྱུང་གསར་བཟོ་བྱས་ཏེ། སྔོན་ཐོན་གྱི་མཁའ་དབུགས་ལེགས་པོ་བརྩོན་ལེན་གྱིས་བདེ་འཇགས་ཀྱི་འགན་སྲུང་ལ་གཅིག་གྱུར་སྲུང་སྐྱོབ་བྱེད་པ་བསྡུ་རུབ་ཀྱིས་བརྟན་སྲུང་ལ་འགན་བཅོལ་དང་འཆམ་མཐུན་ལ་སྐུལ་འདེད་བྱེད་པའི་བྱ་བ་སོ་སོར་འགན་སྲུང་བྱས་ནས། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་དེ་མུ་མཐུད་དུ་གཏིང་ཟབ་ཅན་ལ་བཏང་ནས་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་སྤྱི་ཚོགས་གནས་བབ་བརྟན་འཇགས་སུ་གཏོང་བར་འགེབས་སྲུང་དང་རྒྱུན་འཁྱོངས་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།