མཱ་ཝུའེ་ཡིས་ཟི་ལིང་གྲོང་ཁྱེར་ཞིབ་དཔྱོད་ཁང་དུ་སྤྱི་ཕན་གཏུག་བཤེར་བྱ་བར་རྟོག་ཞིབ་བྱེད་སྐབས་གཏམ་བཤད་གནང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས10ཉིན། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་གཞོན་པ་མཱ་ཝུའེ་ཡིས་སྣེ་ཁྲིད་དེ། ཟི་ལིང་གྲོང་ཁྱེར་ཞིབ་དཔྱོད་ཁང་དུ་སྤྱི་ཕན་གཏུག་བཤེར་བྱ་བར་རྟོག་ཞིབ་བྱེད་པར་བསྐྱོད་པ་རེད།

མ་ཝུའེ་ཡིས་བསྟན་དོན། ཟི་ལིང་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་བྱ་བའི་འགན་ནུས་ལ་གཞི་ཚུགས་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ། ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་པ། འགན་འཁྲི་གཙང་སྒྲུབ་ཧུར་ཐག་བཅས་བྱས་ནས་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཀྱི“མཚོ་སྔོན་གྱི་རྣམ་པ”འཚོལ་ཞིབ་དང་འཕེལ་རྒྱས་གཏོང་ཆེད་ཧུར་ཐག་ངང་བྱས་རྗེས་བཞག་པ།

མཱ་ཝུའེ་ཡིས་བསྟན་དོན། སྤྱི་ཕན་གཏུག་བཤེར་ནི་ཁྲིམས་སྐྱོང་མཚོ་སྔོན་དང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་རྨང་གཞི་ཡིན་ལ། ཡང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྲིམས་སྐྱོང་གི་གཏུག་བཤེར་ཁྱབ་ཁོངས་ཀྱི་མཚོན་ཚུལ་ཞིག་ཡང་ཡིན། ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཛུབ་ཁྲིད་དུ་བྱས་ཏེ་སྤྱི་ཚོགས་དང་མི་དམངས་མང་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་འདེབས་པ་དང་། རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་འཐུས་མི་ཡག་པོ་ཞིག་བྱ་དགོས། སྲིད་འཛིན་ལས་ཁུངས་དང་ཁྲིམས་ལྟར་ལྟ་སྐུལ་བྱེད་ལ་གཞོགས་འདེགས་ཀྱང་བྱེད་པའི་མཉམ་འགུལ་མཉམ་ལས་ལམ་སྲོལ་བཙུགས་ནས་སྤྱི་ཕན་སྲུང་སྐྱོང་གི་མཉམ་ཤུགས་གཅིག་ཏུ་སྒྲིལ་དགོས་པ་བསྟན།

སྤྱི་ཕན་གཏུག་བཤེར་བྱ་བའི་སྲོག་ཤིང་ཁོང་དུ་ཆུད་པར་བྱེད་པ་དང་། ཁྲིམས་བསྟར་གྱོད་ཞིབ་བྱ་རྒྱུ་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། གཏུག་བཤེར་ལས་སྒོ་དེ་མི་དམངས་མང་ཚོགས་ཀྱིས་དོ་ཁུར་དང་དོ་ཁུར་བྱེད་པའི་ཟས་རིགས་དང་སྨན་རྫས་དང་། སྤྱི་པའི་བདེ་འཇགས། གཞུང་དབང་མ་རྩ་སྲུང་སྐྱོང་སོགས་ཀྱི་ཁྱབ་ཁོངས་སུ་རྒྱ་སྐྱེད་པ་དང་། སྤྱི་ཕན་གཏུག་བཤེར་མཐུན་སྦྱོར་དང་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་བ། ཁྲིམས་སྦྱོར་ལ་རྒྱབ་སྐྱོར་དང་། ཞུ་གཏུག་ལ་སྐུལ་འདེད། ཞིབ་དཔྱོད་དང་འདུམ་འགྲིག་སྦྲེལ་མཐུད། གཏུག་བཤེར་མ་བྱས་གོང་གི་ཞིབ་དཔྱོད་གྲོས་འགོ་འདོན་པ། གཏུག་བཤེར་སོགས་ཀྱི་ལྟ་སྐུལ་བྱེད་སྟངས་བེད་སྤྱོད་གང་ལེགས་བྱས་ཏེ། མང་ཚོགས་ལ་ཕུན་སུམ་ཚོགས་ཤིང་སྤུས་ལེགས་ཀྱི་སྤྱི་ཕན་གཏུག་བཤེར་ཐོན་རྫས་འདོན་སྤྲོད་བྱ་དགོས། སྨྱན་སྦྱོར་གསར་པ་སྤྱོད་པར་དོ་སྣང་དང་། གྱོད་ལ་གཞིགས་ནས་བཅའ་ཁྲིམས་འགྲེལ་བཤད་རྒྱག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། སྤྱི་ཕན་གཏུག་བཤེར་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་དམངས་ཀྱིས་ཁྲིམས་བརྩི་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་བྱས་ཏེ་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་དགོས། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ཞིབ་དཔྱོད་དཔུང་ཁག་འཛུགས་སྐྱོང་བྱས་ཏེ་ཁུངས་སྣེ་ཤེས་རྟོགས་དང་། རྟོག་ཞིབ་དཔང་ལེན། ཁྲིམས་རའི་འདྲི་གཅོད་ལ་ཁ་གཏད་འཇལ་བ་སོགས་ཀྱི་ནུས་པ་ཆེ་རུ་བཏང་ནས་ཁྲིམས་འཛིན་གྱོད་བསྒྲུབ་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏང་དགོས་པ་བསྟན།

ལོ་ཙཱ་བ། གཡང་སྐྱིད།