རྨ་ཆེན་རྫོང་གིས“འཆད་པ་བཞིའི”བྱ་བའི་རྣམ་པ་གསར་པ་ཁྱབ་གདལ་དུ་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་འཛུགས་སྐྲུན་ཟམ་མི་ཆད་པར་སྲ་བརྟན་དུ་གཏང་ཆེད།མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གིས་དྲིལ་སྒྲོག་བསམ་བློའི་བྱ་བའི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ། “ཆེད་ལས་མཁས་པ་ཡིས་གཞུང་ལུགས་འཆད་པ། འགོ་ཁྲིད་ལས་བྱེད་པས་སྲིད་ཇུས་འཆད་པ། སྔོན་ཐོན་དཔེ་བཟང་གིས་བྱས་རྗེས་འཆད་པ། ལས་བྱེད་མང་ཚོགས་ཀྱིས་མྱོང་ཚོར་འཆད་པ”བཅས་ཀྱི“འཆད་པ་བཞིའི”བྱེད་སྟངས་ཁྱབ་གདལ་ཤུགས་ཆེན་བཏང་སྟེ། ལས་བྱེད་པ་དང་མང་ཚོགས་འབྲེལ་གཏུག་ཐུབ་པ་བྱས་ནས་སྲིད་ཇུས་དང་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བརྒལ་བ་རེད།

འདི་ལོ་རྨ་ཆེན་རྫོང་གིས་ཆེད་ལས་མཁས་དབང་གིས་རིགས་པའི་གཞུང་ལུགས་འཆད་ཁྲིད་བྱ་རྒྱུ་དེ“སློབ་ཁྲིད་གཙོ་བོ”རུ་བརྩིས་ནས་རིམ་དབྱེའི་གསོ་སྦྱོང་དང་གཙོ་གནད་སྐྱེད་སྲིང་བྱེད་ཐབས་སྤྱད་དེ། སྒྲོག་འགྲེལ་རྐང་འཛིན་གསོ་སྦྱོང་འཛིན་གྲྭ་ཐེངས70ལྷག་ཙམ་སྔ་རྗེས་སུ་གཉེར་བ་དང་ཞིང་ཆེན་རིམ་པའི་ཆེད་ལས་མཁས་པ་དང་མཁས་དབང་གདན་དྲངས་ནས་ཆེད་དོན་འཆད་ཁྲིད་དང་སྙན་ཞུའི་ཚོགས་འདུ་ཐེངས50ལྷག་ཙམ་བསྡུས་པ་རེད། རྫོང་ཡོངས་ཀྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གྱི་རྐང་འཛིན་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས་རྫོང་དང་། ཡུལ་ཚོ། གྲོང་ཚོ་བཅས་རིམ་གསུམ་མཉམ་འགུལ་དང་ཁྱོན་ཡོངས་ལ་ཁྱབ་པའི་སྒྲོག་འགྲེལ་གྱི་རྣམ་པ་ཞིག་ཆགས་པར་བྱས་ཏེ། སྒྲོག་འགྲེལ་བྱེད་སྟངས་འཁྲུག་ཆ་དོད་པ་དང་། གསུང་བཤད་ཀྱི་སྐད་ཆ“གོ་བདེ་བ”འཚོལ་བ། སྒྲོག་འགྲེལ་གྱི་ནང་དོན་དངོས་ཡིན་པ་བཅས་བྱས་ཏེ་འབྲོག་པ་མང་ཚོགས་ཀྱིས་ཉན་འདོད་ཡོད་པ་དང་། གོ་ཐུབ་པ། དང་ལེན་བྱེད་བདེ་བ་བཅས་ཡོང་བར་བྱས།

རྫོང་ཡོངས་ཀྱིས་ཉེ་བའི་ལོ་ཤས་རིང་ཆེས་མཛེས་པའི་མཚོ་སྔོན་པ་དང་། སྐར་ལྔ་རིམ་པའི་དཔལ་ཡོན་དུད་ཚང་། དཔལ་ཡོན་དཔེ་མཚོན། རྨ་ཆེན་གྱི་མི་བཟང་། དེ་བཞིན་ལས་གཏོད་དཔེ་མཚོན་བཅས་དང་ཟུང་འབྲེལ་བྱས་ནས“རྨ་ཆེན་རྫོང་གི་སྔོན་ཐོན་དཔེ་མཚོན་སྙན་ཞུ་ཚོགས་པ”བཙུགས་ཏེ། གྲོང་གསེབ་དང་། སྡེ་ཁུལ། སློབ་གྲྭ ཁེ་ལས་སོགས་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ་དཔེ་གཞི་སྤྱད་ནས་སྒྲོག་འགྲེལ་གྱི་མཉམ་འདྲེས་ནུས་པ་དང་། ཡིད་དབང་འཕྲོག་ཤུགས་བཅས་ཇེ་ཆེར་བཏང་།

ལོ་ཙཱ་བ། ཀླུ་མོ།