མཚོ་ནུབ་ཀྱི་གནམ་ཐང་གསུམ་གྱི་ཉེ་འཕུར་གནམ་གྲུ་དངོས་སུ་ཤར་གཏོང་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ7པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གྱི་གཏེར་ལེན་ཁ་དང་ན་གོར་མོ། ཧྭ་ཐུའུ་ལུང་པ་བཅས་ཀྱི་གནམ་ཐང་གི་ཉེ་འཕུར་ལས་གཞིའི་ཆིངས་ཡིག་དང་མཁའ་འཕུར་ཐོག་མའི་མཛད་སྒོ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་གཏེན་ལེན་ཁའི་གནམ་ཐང་ནས་བསྡུས་ཤིང་། ཧྲིན་ཀྲང་གཞོན་པ་ཝང་ཡུང་མཛད་སྒོའི་ཁྲོད་ཞུགས་པར་མ་ཟད་གནམ་གྲུ་གཏོང་བར་དྲིལ་སྒྲོག་བྱས།

ཝང་ཡུང་གིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་ལ་ཐོག་མཐའ་བར་དུ་གཙིགས་སུ་བཟུང་བ་དང་། ལྷག་པར་དུ“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ། ཞིང་ཆེན་ནང་ཁུལ་ནས“གཙོ་བོ་གཅིག་དང་ཕལ་བ་དྲུག”གི་གནམ་ཐང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གྲུབ་ནས། གནམ་ཐང་གཅིག་བསྡུས་ཅན་གྱི་འཕེལ་རྒྱས་རྣམ་པ་གཞི་རྩའི་ཆ་ནས་འཛུགས་ཐུབ་པ་བྱུང་། མཚོ་ནུབ་ཀྱི་གནམ་ཐང་གསུམ་གྱི་ཉེ་འདྲེན་མཁའ་ལམ་ཤར་གཏོང་བྱས་པ་དེས་མཚོ་སྔོན་དམངས་སྤྱོད་གནམ་གྲུས་མཐོ་སྒང་གནམ་ཐང་གི་མཁའ་འགྲུལ་ལ་འཚམ་པའི་འཚོལ་ཞིབ་གསར་པ་བྱས་པ་མཚོན་ཞིང་། འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་སྔར་ལས་འཐུས་ཚང་དང་མི་རིགས་མཐུན་སྒྲིལ་ཟབ་སྤེལ། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པར་དོན་སྙིང་གལ་ཆེན་ལྡན། མཚོ་ནུབ་ཁུལ་ཏང་ཨུ་དང་སྲིད་གཞུང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་འོག ཧྭ་ཞ་མཁའ་འགྲུལ་དང་མཚོ་སྔོན་གནམ་ཐང་གཉིས་ཀྱིས་མཉམ་འབྲེལ་སྒོས། མཁའ་ལམ་གཉེར་སྐྱོང་ལེགས་པོ་དང་འགྲུལ་པའི་ཐོན་ཁུངས་ལ་རྩ་འཛུགས་ལེགས་པོ་བྱས་ཏེ། དམངས་སྤྱོད་མཁའ་འགྲུལ་གྱིས་ས་གནས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་གལ་ཆེན་འདོན་སྤེལ་ལེགས་པོ་བྱ་དགོས་ཅེས་བསྟན་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།