བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་གཉིས་པའི་ཐོག་མའི་འགྲན་སྡུར་གྱི་རྨ་ལྷོ་འགྲན་ཁུལ་ལེགས་པར་གྲུབ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཨ་མདོ་བརྙན་འཕྲིན་དང་མཚོ་སྔོན། ཀན་སུའུ། ཟི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་ཁུལ་བརྙན་འཕྲིན་ལས་ཁུངས་བཅུ་ཡིས་མཉམ་འབྲེལ་གྱིས་བསྒྲུབས་པའི་བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་གཉིས་པའི་ཐོག་མའི་འགྲན་སྡུར་གྱི་རྨ་ལྷོ་འགྲན་ཁུལ་དེ་སྤྱི་ཟླ༧པའི་ཚེས༣ཉིན་དངོས་སུ་མགོ་བརྩམས། ཐེངས་འདིའི་རྨ་ལྷོའི་འགྲན་ཁུལ་དུ་རྫོང་བཞི་ནས་ཐོན་པའི་འགྲན་ཞུགས་པ༣༦འགྲན་སྡུར་ལ་ཞུགས་ཡོད་པ་དང་། ཉིན་གཉིས་རིང་ལ་ཛ་དྲག་ཆེ་བའི་འགྲན་སྡུར་བརྒྱུད་འགྲན་སྡུར་བདེ་ངང་ཡོངས་སུ་མཇུག་སྒྲིལ།

རྨ་ལྷོ་འགྲན་ཁུལ་གྱི་དཔྱད་འདེམ་པ།

རྨ་ལྷོ་འགྲན་ཁུལ་གྱི་མདོ་འཛིན་པ།

བསྐྱར་འགྲན་དུ་ཚུད་པའི་འགྲན་ཞུགས་པ།

དམངས་གླུ་ནི་རང་རེའི་མེས་པོ་དག་གིས་འཛམ་གླིང་གི་ཡང་རྩེ་ནས་ཞི་རྒྱས་དབང་དྲག་གི་འཕྲིན་ལས་སྤེལ་བའི་ལོ་རྒྱུས་ཀྱི་སྐད་ངག་ཡིན། དམངས་གླུ་ནི་ངེད་ཅག་བུ་རབས་ཚ་རྒྱུད་དག་དུས་རབས་ཀྱི་རྔམ་ཁ་ནས་མདུན་དུ་སྐུལ་བྱེད་ཀྱི་རིག་གནས་ཀྱི་ལམ་ཐིག་ཡིན། དམངས་གླུ་ནི་རང་རེའི་མེས་པོ་བཀའ་དྲིན་ཅན་དག་གིས་མི་རབས་ནས་མི་རབས་སུ་བཞག་པའི་རིག་གནས་ཀྱི་གན་མཛོད་ཡིན། དམངས་གླུ་ནི་རང་རེའི་བུ་རབས་བསོད་ནམས་ཅན་དག་གིས་བུ་རབས་ནས་བུ་རབས་སུ་སྤེལ་བྱའི་སྒྱུ་རྩལ་གྱི་ཉིང་བཅུད་ཡིན།

བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་གཉིས་པའི་འགྲན་ཁུལ་སོ་སོའི་ལམ་ཐིག