བརྗོད་དོན་བྱ་འགུལ་རིགས10ཡིས་བདེ་འཇགས་སྲ་བརྟན་གྱི་ཁོར་ཡུག་གསར་སྐྲུན་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། རྒྱལ་ཡོངས་ཀྱི་སྐབས18པའི་བདེ་འཇགས་ཐོན་སྐྱེད་དང་བསྟུན་ནས། ཟི་ལིང་གྲོང་ཁྱེར་གྱིས་རིགས་ཆེན་པོ10ཡི་བརྗོད་དོན་བྱ་འགུལ་རྣམ་གྲངས15རྩ་འཛུགས་བྱས་ཏེ། བརྗོད་དོན་དྲིལ་སྒྲོག་དང་ཡུལ་དངོས་གཟིགས་ཞིབ། ཆེད་དོན་འཁྲབ་སྟོན་སྦྱོང་བརྡར། དཔྱད་འཇོག་དཔྱད་འདེམས་བྱ་འགུལ་སོགས་ཀྱི་བྱེད་ཐབས་སྤྱད་དེ། གྲོང་ཁྱེར་ཧྲིལ་བོའི་ཁྱབ་ཁོངས་མི་འདྲ་བ་དག་ལ་བདེ་འཇགས་འགལ་རྐྱེན་གྱི་ཐོན་སྐྱེད་མཁའ་དབུགས་ལེགས་པོ་ཞིག་གསར་བཟོ་བྱས་ཡོད།

ཟི་ལིང་གྲོང་ཁྱེར་གྱི་གཞི་ཁྱོན་རྒྱ་སྐྱེད་པ་དང་དེང་རབས་ཅན་གྱི་འཛུགས་སྐྲུན་བརྒྱུད་རིམ་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས། གྲོང་ཁྱེར་གྱི་ཕྱོགས་བསྡུས་ངོ་བོ་ཆེན་པོའི་བདེ་འཇགས་གནད་དོན་ལ་སྔར་ལས་ཐོལ་བརྒལ་བྱུང་བ་དང་བདེ་འཇགས་ཐོན་སྐྱེད་ཀྱི་ཚད་ལྡན་ཅན་གྱི་དམིགས་འབེན་གསར་གཏོད་ནི་ཁེ་ལས་དངོས་འབེབས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་གཙོ་བོའི་བྱེ་བྲག་གི་མཚོན་སྟངས་ཤིག་ཡིན་ལ། ཁེ་ལས་བདེ་འཇགས་བདག་དོམ་གྱི་རྣམ་གཞག་བབ་བསྟུན་དང་ཐོན་སྐྱེད་བདེ་འཇགས་སྔོན་འགོག ཁེ་ལས་ཀྱི་མ་གཞིའི་ངོ་བོའི་བདེ་འཇགས་ཆུ་ཚད་མཐོར་འདེགས་བཅས་སུ་གཏོང་བར་བྱེད་ཐབས་ནུས་ལྡན་དང་གཞི་རྩའི་བཅོས་སྐྱོང་ཇུས་གཞི་ཞིག་ཡིན་པས། ངེས་པར་དུ་རྒྱུན་འཁྱོངས་བྱ་བར་སྐུལ་འདེད་གཏོང་བར་ཉམས་པ་མེད། ཕྱོགས་བསྡུས་ངོ་བོ་ཅན་གྱི་འགན་འཁྲི་གཙོ་བོ་གཞིར་བཟུང་སྟེ། ཚད་ལྡན་ཅན་གྱི་འཛུགས་སྐྲུན་དགོས་མཁོ་གཟབ་ནན་སྒོས་འཛུགས་སྐྲུན་རྣམ་གྲངས་ཀྱི་བདེ་འཇགས་ཐོན་སྐྱེད་ལག་བསྟར་དངོས་འབེབས་བྱས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དང་བདེ་འཇགས་གསབ་སྦྱོང་། འགལ་རྐྱེན་རྩད་གཅོད་སོགས་ཀྱི་ལམ་ལུགས་ཀྱིས་བདེ་ཐང་དང་བདེ་འཐགས་ཐོན་སྐྱེད་ཀྱི་སྐབས་བསྟུན་མྱུར་སྐྱོབས་སྒྲིག་གཞི་བཅས་ཀྱི་ཐག་གཅོད་ནུས་ཤུགས་མཐོར་འདེགས་སུ་བཏང་།

ལས་རིགས་བདག་དོམ་སྡེ་ཁག་གིས་ལས་རིགས་ལ་བདག་དོམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་བདག་དོམ་དང་ལས་དོན་ལ་བདག་དོམ་བྱེད་པར་ཡང་བདེ་འཇགས་ལ་བདག་དོམ། ཐོན་སྐྱེད་ཚོང་གཉེར་ལ་བདག་དོམ་བྱེད་པར་ཡང་ངེས་པར་དུ་བདེ་འཇགས་ལ་བདག་དོམ་བྱེད་དགོས་པའི་དགོས་མཁོ་གཞིར་བཟུང་སྟེ། རིགས་བཀར་ཁྱབ་ཁོངས་ལས་རིགས་བདེ་འཇགས་ཐོན་སྐྱེད་བྱ་བར་ཤུགས་བསྒྱུར། ཚོང་ལས་དང་གསོལ་ཚིགས་ཡུལ་དངོས། དམིགས་གསལ་སྒྲིག་ཆས། མེ་གསོད་བདེ་འཇགས་སོགས་ཀྱི་གོ་རིམ་ཁྲོད་འགལ་རྐྱེན་རྩད་གཅོད་བཅོས་སྐྱོང་གིས་དུས་ལྟར་བདེ་འཇགས་ཉེན་ཁ་མེད་པར་བཏང་། བདེ་འཇགས་ཀྱི་འགལ་རྐྱེན་མེད་པར་བཟོང་ནས་གྲོང་ཁྱེར་གྱི་ཕྱོགས་བསྡུས་བཅོས་སྐྱོང་བདེ་འཇགས་བྱ་བའི་ཐོན་སྐྱེད་ཀྱི་དོན་རྐྱེན་སྔོན་འགོག་ཚོད་འཛིན་ཆུ་ཚད་དང་སྐབས་བསྟུན་ནུས་པ་མཐོར་འདེགས་སུ་བཏང་ནས། བདེ་འཇགས་ཅན་གྱི་མི་འདུས་སྡོད་ཁོར་ཡུག་ལེགས་པོ་གསར་སྐྲུན་བྱེད་པའི་འགན་འཁྲི་དང་ལེན་བྱེད་དགོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།