མཚོ་སྔོན་གྱིས་སློབ་གྲྭ་ཆུང་འབྲིང་སློབ་མའི་ཁུར་པོ་ཇེ་ཡང་དུ་གཏང་བའི་ལག་བསྟར་ཇུས་གཞི་བཏོན་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། 《སློབ་གསོ་པུའུ་སོགས་སྡེ་ཁག་དགུ་ཡིས་སློབ་གྲྭ་ཆུང་འབྲིང་སློབ་མའི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱེད་ཐབས་དཔར་འགྲེམ་ཐད་ཀྱི་བརྡ་སྦྱོར》གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། སློབ་གྲྭ་ཆུང་འབྲིང་སློབ་མའི་ཁུར་པོ་ཇེ་ཡང་དུ་གཏང་བའི་བྱེད་ཐབས་དོན་འཁྱོལ་བྱ་ཆེད། ཉེ་སྔོན། ཞིང་ཆེན་སྲིད་གཞུང་གི་ཤུགས་ཆེན་པོས་སྐུལ་འདེད་འོག ཞིང་ཆེན་སློབ་གསོ་ཐིན་སོགས་སྡེ་ཁག་དགུ་ཡིས《མཚོ་སྔོན་ཞིང་ཆེན་གྱིས་སློབ་གྲྭ་ཆུང་འབྲིང་སློབ་མའི་ཁུར་པོ་ཇེ་ཡང་དུ་གཏང་བའི་བྱེད་ཐབས་ལག་བསྟར་ཇུས་གཞི་དོན་འཁྱོལ་བྱེད་པ》མཉམ་འབྲེལ་སྒོས་ཕྱིར་བཏོན་ཏེ། སློབ་གྲྭ་ཆུང་འབྲིང་སློབ་མའི་ཁུར་པོ་ཇེ་ཡང་དུ་གཏང་བའི་བྱེད་ཐབས་ནུས་ལྡན་སྒོས་དོན་འཁྱོལ་དང་རང་ཞིང་གི་སློབ་གྲྭ་ཆུང་འབྲིང་སློབ་མའི་ཁྱོན་ཡོངས་ཀྱི་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་བྱས་པ་རེད།

རྒྱུས་ལོན་པ་ལྟར་ན། 《ལག་བསྟར་ཇུས་གཞི》བཀོད་སྒྲིག་གཞིར་བཟུང་སྟེ། 2019ལོའི་ཟླ6པ་ནས་བཟུང་། བྱ་བའི་བྱེད་ཐབས་རབ་དང་རིམ་པ་བརྒྱུད་དེ་སློབ་གྲྭ་ཆུང་འབྲིང་སློབ་མའི་ཁུར་པོ་ཇེ་ཡང་དུ་གཏང་བའི་དོན་ཚན30བྱེད་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་ཡོང་བར་སྐུལ་འདེད་བྱས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་སློབ་གྲྭའི་ནང་ཁུལ་གྱི་སློབ་སྒྲུབ་བྱ་སྤྱོད་ཚད་ལྡན་དང་སློབ་ཕྱིའི་གསོ་སྦྱོང་ལས་ཁུངས་ལ་དོ་དམ་ནན་མོ་བྱེད་པ། ཁྱིམ་བདག་གི་སློབ་གསོའི་མཛུབ་སྟོན་ལ་ཤུགས་སྣོན་དང་སྲིད་གཞུང་གི་ལྟ་སྐུལ་དོ་དམ་འགན་ནུས་ལ་ཤུགས་སྣོན་བྱེད་པ་བཅས་ཕྱོགས་བཞི་ནས་གཟབ་ནན་སྒོས་གཏན་འབེབས་ལག་བསྟར་བྱས་ཏེ། སློབ་གྲྭ་ཆུང་འབྲིང་སློབ་མའི་སློབ་ཁྲིད་དང་ལས་བྱའི་ཁུར་པོ་དངོས་ནས་ཇེ་ཡང་དུ་བཏང་བ་རེད།

ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་སློབ་གྲྭས་ལོ་ཕྱེད་ཀྱི་དུས་ཚོད་བེད་སྤྱད་ནས། དྲིལ་སྒྲོག་སློབ་སྦྱོང་དང་རང་བཤེར་རྟོག་ཞིབ། ཁྱོན་ཡོངས་ལེགས་བཅོས། ལྟ་སྐུལ་དཔྱད་ཞིབ་བྱས་པ་བརྒྱུད། ད་སྔའི་སློབ་གྲྭ་ཆུང་འབྲིང་སློབ་མའི་ཁུར་པོ་ལྕི་བ་གཅིག་བསྡུས་སྒོས་བཅོས་སྐྱོང་བྱས་ཏེ། སློབ་གྲྭ་ཆུང་འབྲིང་སློབ་མའི་ཁུར་པོ་ལྕི་བའི་གནས་བབ་རྩ་བ་ནས་ཇེ་ལེགས་སུ་ཕྱིན་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།