2019ལོའི་མཚོ་སྔོན་འཇུ་ལག་ལོག་དཀར་མེ་ཏོག་རིག་གནས་གནས་སྐོར་དུས་ཆེན་སྐབས་དང་པོ་གཟབ་རྒྱས་ངང་འཚོགས།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བདེ་སྐྱིད་ཀྱི་ཉིན་བཟང་འདི་ལ། འཇུ་ལག་ཧོས་རིགས་རང་སྐྱོང་རྫོང་ཧོ་མིན་ཁྲོན་གྱི་ལོག་དཀར་མེ་ཏོག་དུས་ཆེན་གྱིས་ཀྱང་རང་ཉིད་ལ་དབང་བའི་ལོ་འཁོར20པའི་རྟེན་འབྲེལ་མཛད་སྒོ་བསུས་བྱུང་། ཟླ7པའི་ཚེས9ཉིན། རབ་མཛེས་མཚོ་སྔོན། གསེར་མདོག་འཇུ་ལག་ཅེས་པ་བརྗོད་གཞི་ཡིན་པའི2019ལོའི་མཚོ་སྔོན་འཇུ་ལག་ལོག་དཀར་མེ་ཏོག་རིག་གནས་གནས་སྐོར་དུས་ཆེན་དང་ཀྲུང་གོ་མདོ་ལ་རི་བོའི་ཤོག་བྱའི་དུས་ཆེན་སྐབས་དང་པོ་གཟབ་རྒྱས་ངང་འཚོགས།

མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཁྲིན་ཏུང་ཁྲང་དང་། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཏིན་འར་ཕིན། མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཝང་ཞན་ཏུང་། ཡུལ་ཤུལ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཁྲིན་ཀྲོ། མཚོ་བྱང་ཁུལ་གྱི་ཁུལ་དཔོན་གཞོན་པའམ་ཁུལ་རིག་རྩལ་གནས་སྐོར་རྒྱང་སྒྲོག་ཅུས་ཀྱི་ཅུས་ཀྲང་ལིག་པོ་ཁྲོན། མཚོ་ནུབ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཀྲིག་ཀོ་ཏུང་། མཚོ་བྱང་ཡན་ལག་དམག་ཁུལ་གྱི་སྲིད་ཨུ་ཡིན་དབྱང་། འཇུ་ལག་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཚབ་མ་མཱ་ཞོ་ཧྥིན་སོགས་མགོ་ཁྲིད་དག་མཛད་སྒོར་ཞུགས་ཡོད།

ཁྲིན་ཏུང་ཁྲང་གིས2019ལོའི་མཚོ་སྔོན་འཇུ་ལག་ལོག་དཀར་མེ་ཏོག་རིག་གནས་གནས་སྐོར་དུས་ཆེན་དང་ཀྲུང་གོ་མདོ་ལ་རི་བོའི་ཤོག་བྱའི་དུས་ཆེན་སྐབས་དང་པོ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས། མཱ་ཞོ་ཧྥུན་གྱིས་ཤིས་ཚིག་ཕུལ།

རྒྱུས་ལོན་པ་ལྟར་ན། 2000ལོའི་མདོ་ལ་དབྱར་གཞུང། ---ལོག་དཀར་མེ་ཏོག་དུས་ཆེན་ནས2019ལོའི་མཚོ་སྔོན་འཇུ་ལག་ལོག་དཀར་མེ་ཏོག་རིག་གནས་གནས་སྐོར་དུས་ཆེན་དང་ཀྲུང་གོ་མདོ་ལ་རི་བོའི་ཤོག་བྱའི་དུས་ཆེན་སྐབས་དང་པོ་བར་ཏེ་ལོ་ངོ་ཉི་ཤུའི་རིང་ལ། འཇུ་ལག་ལོག་དཀར་མེ་ཏོག་རིག་གནས་གནས་སྐོར་དུས་ཆེན་མུ་མཐུད་དུ་འཚོལ་ཞིབ་དང་འཐུས་ཚང་། གསར་གཏོད་དང་གོང་འཕེལ་བཏང་ནས། ཡིད་ཆེས་དང་སྒོ་འབྱེད། གསར་གཏོད་ཀྱིས་ཕྱུག་པའི་འཇུ་ལག་གི་རྣམ་པ་གསར་བ་མངོན་ཡོད་ལ། ཆས་རྟགས་འདི་ལ་བརྟེན་ནས་འཇུ་ལག་རྫོང་མགྱོགས་མྱུར་སྒོས་མཚོ་སྔོན་ས་ཁུལ་ནས་དངོས་ཤུགས་སྟོབས་པའི་གནས་སྐོར་གནས་མཆོག་ཅིག་ཏུ་བསྐྲུན་སྲིད།

ཐེངས་འདིའི་ལོག་དཀར་མེ་ཏོག་རིག་གནས་གནས་སྐོར་དུས་ཆེན་དང་ཀྲུང་གོའི་མདོ་ལ་རི་བོའི་ཤོག་བྱའི་དུས་ཆེན་སྐབས་དང་པོས་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བར་དམ་པོར་དམིགས་པ་དང་། མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ70འཁོར་བ། འཇུ་ལག་ལོག་དཀར་མེ་ཏོག་རིག་གནས་གནས་སྐོར་དུས་ཆེན་གཉེར་ནས་ལོ20འཁོར་བ་སོགས་ཀྱི་བརྗོད་དོན་གཙོ་བོའི་ཐོག་ནས་ཇུས་འགོད་ཞིབ་ཚགས་རབ་དང་རིམ་པ་བྱས་པ་བརྒྱུད། ནང་དོན་ཕུན་སུམ་ཚོགས་པ་དང་། རིག་གནས་ཀྱི་དོན་སྙིང་ཟབ་པ། ས་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་བཅས་ཀྱི་རིག་གནས་བྱེད་སྒོའི་གསོལ་སྟོན་གཟབ་རྒྱས་ངང་སྤེལ་བ་དང་། བྱེད་སྒོའི་རིགས་སྣ་མང་ལ་དུས་ཚོད་བཀོད་སྒྲིག་གི་འཁོར་ཡུན་ཅུང་རིང་པོ་ཡོད་པ་རེད།

ཟླ5བ་ནས་ཟླ10བའི་བར་རྒྱུན་སྲིང་བྱེད་པའི་དམིགས་ཡུལ་ནི་རྫོང་ཡོངས་ཀྱི་ཁྱད་ལྡན་རིག་གནས་ཕྱི་ཕྱོགས་སུ་འགྲེམ་སྟོན་གང་ལེགས་བྱས་ཏེ། ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་དག་འཛམ་གླིང་གི་མཛེས་སྡུག་ལྡན་པའི་མེ་ཏོག་གླིང་དུ་བསུས་ནས། འཇུ་ལག་གི་ཡུལ་སྲོལ་གོམས་གཤིས་ལ་མྱོང་རོལ་ཐུབ་པ་དང་། མཛེས་སྡུག་ལྡན་པའི་ཞིང་སྡེའི་མཛེས་ལྗོངས་ལ་མྱོང་རོལ་བྱེད་པ། འཇུ་ལག་བྱ་གཞག་ཁག་གི་འཕེལ་རྒྱས་གྲུབ་འབྲས་དང་རྫོང་ཡོངས་ཀྱི་མི་རིགས་ཁག་གི་རྗེས་རབས་པ་ཚོས་འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་བའི་རྣམ་པ་ལ་མྱོང་རོལ་བྱེད་པ། འཇུ་ལག་གི་ཐུན་མོང་མ་ཡིན་པའི་ས་ཁོངས་རིག་གནས་དང་ཡུལ་སྲོལ་གོམས་གཤིས་མངོན་པར་བྱེད་པ་བཅས་རེད།

ཉེ་བའི་ལོ་ཤས་རིང་། འཇུ་ལག་རྫོང་གིས་ས་ཁོངས་ཧྲིལ་བོའི་གནས་སྐོར་འཕེལ་རྒྱས་གཏོང་རྒྱུ་དེ་རང་འགུལ་ངང་ཞིང་ཆེན་ཡོངས་ཀྱི་ས་ཁོངས་ཧྲིལ་བོའི་གནས་སྐོར་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཆེན་པོའི་ནང་མཉམ་འདྲེས་ཐུབ་པ་དང་། གནས་སྐོར་ལས་རིགས་ཕྱོགས་སྒྱུར་རིམ་སྤོར་གྱི་ཐབས་ཇུས་ལག་བསྟར་ཤུགས་ཆེན་བྱས་པས། གནས་སྐོར་དཔལ་འབྱོར་མགྱོགས་མྱུར་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་ཐོན་ཡོད། 2018ལོར། ལོ་ཧྲིལ་བོར་གནས་སྐོར་བ་མི་ཁྲི312.4ལ་སྣེ་ལེན་ཞུས་པ་དང་གནས་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར8.75བྱུང་ལ། དུས་མཚུངས་འཕར་གྲངས17%དང25%རེད།

གོམ་སྟབས་རྗེས་མར། འཇུ་ལག་རྫོང་གིས་གནས་སྐོར་རྫོང་འཛུགས་པར་དམིགས་ཏེ་འཛད་སྤྱོད་རིམ་སྤོར་གྱི་འཕེལ་ཕྱོགས་དང་འཚམ་པར་བྱས་ཏེ། སྤྲོ་གསེང་ལྟ་སྐོར་ཞིང་ལས་དང་སྐྱེ་ཁམས་འབྲོག་ར་ཉམས་ལེན། གངས་འཁྱག་ལུས་རྩལ། རི་ཁུལ་ལྕགས་རྟ་འགྲན་སྡུར། བདེ་ཐང་ལུས་གསོ་རྒན་གསོ། ཞིང་གྲོང་གི་སྤྲོ་གསེང་སོགས་གཞི་གཅིག་ཏུ་འདུས་པའི་ས་ཁོངས་ཧྲིལ་པོ་དང་དུས་ཚིགས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་རྒྱུ་རེད། “གནས་སྐོར+” “+གནས་སྐོར”གྱི་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་། ཐུན་མོང་མ་ཡིན་པའི་ས་མཐོའི་རང་བྱུང་མཛེས་ལྗོངས། སྣ་མང་ཕུན་སུམ་ཚོགས་པའི་ཁོར་ཡུག མངོན་གསལ་དོད་པའི་ས་ཁོངས་ཀྱི་ལེགས་ཆ། སྟབས་བདེའི་འགྲིམ་འགྲུལ་ཆ་རྐྱེན་བཅས་ལ་བརྟེན་ནས་ལོག་དཀར་མེ་ཏོག་རིག་གནས་གནས་སྐོར་དུས་ཆེན་དང་གངས་དཀར་རི་བོའི་གངས་ཤུད་རི་འཛེགས་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་ནས“རབ་མཛེས་མཚོ་སྔོན།·གསེར་མདོག་འཇུ་ལག”གི་ཁྱད་ལྡན་གནས་སྐོར་ཆས་རྟགས་ཀྱི་མཚན་སྙན་མཐོ་རུ་གཏང་རྒྱུ་དང་། དཔལ་འབྱོར་ཉོ་ཚོང་དང་དངུལ་རྩ། དངོས་ཟོག་སྐྱེལ་འདྲེན། འགྲིམ་འགྲུལ་སྐྱེལ་འདྲེན། བཟའ་བཏུང་སོགས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བར་གཅིག་གྱུར་གྱིས་སྐུལ་འདེད་བཏང་སྟེ། ལས་རིགས་ཁག་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བའི་རྣམ་པ་བཟང་པོ་སྔར་ལས་ལྷག་པར་སྐུལ་སྤེལ་གཏང་རྒྱུ།

ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་དང་ཀན་སུའུ་ཞིང་ཆེན་ཅིན་ཁྲང་གྲོང་ཁྱེར། དཔའ་རིས་རྫོང་། མཚོ་ནུབ་ཁུལ། རྟ་ཐང་རྫོང་། བ་ཡན་རྫོང་། མདོ་ལ་རྫོང་། རྐང་ཚ་རྫོང་། མདའ་བཞི་རྫོང་སོགས་མཐའ་འཁོར་གྱི་སྤུན་ཟླའི་ཁུལ་དང་རྫོང་གི་མགོ་ཁྲིད་དང་འབྲེལ་ཡོད་སྡེ་ཁག ཞང་དང་གྲོང་རྡལ་གྱི་འགན་འཁུར་བ་བཅས་མགོ་རྩོམ་མཛད་སྒོར་ཞུགས། ཤིན་ཧྭ་དྲ་བ་དང་ཀྲུང་གོ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་མཚོ་སྔོན་ས་ཚིགས། མཚོ་སྔོན་གསར་འགྱུར་དྲ་བ། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། མཚོ་སྔོན་བརྙན་འཕྲིན་ཁང་སོགས་ཞིང་ཆེན་གྱི་གསར་འགྱུར་སྨྱན་བྱད་དང་དེ་བཞིན་མདོ་ལ་ཚགས་པར་ཁང་གི་འགན་ཁུར་བ་དང་གསར་འགོད་པ་བཅས་མགོ་རྩོམ་མཛད་སྒོར་ཞུགས་པ་རེད།