སྐབས་གསུམ་པའི་མཚོ་སྔོན་གྱི་བཅོས་སྒྱུར་དཔྱད་གླེང་གི་མཛད་སྒོ་དེ་ཟི་ལིང་གྲོང་ཁྱེར་དུ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ7ཚེས5ཉིན་གྱི་སྔ་དྲོ། སྐབས་གསུམ་པའི་མཚོ་སྔོན་གྱི་བཅོས་སྒྱུར་དཔྱད་གླེང་གི་མཛད་སྒོ་དེ་ཟི་ལིང་གྲོང་ཁྱེར་དུ་སྤེལ་བ་དང་ཐེངས་འདིའི་དཔྱད་གླེང་གི་བརྗོད་དོན་གཙོ་བོ་ནི། རི་མཐོ་ཆུ་གཙང་ནི་གསེར་དངུལ་གྱི་རི་ཆུ་ཡིན། གཞུང་ལུགས་དང་སྲིད་ཇུས། ལག་ལེན་ཞེས་པ་དེ་ཡིན། རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་དང་ཞིང་ཆེན་རིམ་པའི་ཆེད་མཁས་པ་དང་ཤེས་ལྡན་པ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འབྲེལ་ཡོད་འགོ་ཁྲོད་བཅས་གཞིར་བཟུང་སྟེ་བསམ་བློ་བརྗེ་རེས་བྱེད་པའི་ཞིབ་འཇུག་དཔྱད་གླེང་གྲོས་སྡུར་བྱས་ནས། མཚོ་སྔོན་གྱི”སྤུས་ལེགས་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་ལ་སྐུལ་འདེད་བྱས་ཡོད། ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཅན་གྲོས་ཚོགས་ལ་ཞུགས་པ་མ་ཟད་ཤིས་ཚིག་བརྗོད་པ་རེད།

ཐེན་ཅིན་ཅན་གྱིས་བསྟན་དོན། “རི་བོ”གཉིས་ཀྱི་གཞུང་ལུགས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་རིག་བསམ་བློའི་མཚོན་རྟགས་རང་བཞིན་གྱི་ལྟ་སྟངས་དང་འཐུས་ཚབ་རང་བཞིན་གྱི་དཔྱད་གླེང་ཤིག་ཡིན་ལ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་རིག་བསམ་བློའི་མ་ལག་གི་སྲོག་ཤིང་ནང་དོན་ཡང་ཡིན། དེང་རབས་མར་ཁེ་སི་རིང་ལུགས་ཀྱི་གསར་གཏོད་གྲུབ་འབྲས་གལ་ཆེན་ཞིག་ཀྱང་ཡིན་པས། དུས་རབས་གསར་བའི་སྐྱེ་ཁམས་ཤེས་ཡོན་འཛུགས་སྐྲུན་ཐད་ཀྱི་ཚན་རིག་གི་ཕྱོགས་སྟོན་དང་མི་དམངས་སྲོག་ཤིང་དུ་འཛིན་པའི་སྲིད་ཁྲིམས་ལག་བསྟར་རྒྱུན་འཁྱོངས་བྱེད་པ་མངོན་པར་མཚོན་པའི་འདུ་ཤེས་ཤིག་ཀྱང་ཡིན་ངེས།

ལོ་འདི་དག་གི་རིང་ལ། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློའི་དགོངས་དོན་དེ་ལག་བསྟར་དངོས་འབེབས་གཏིང་ཟབ་སྒོས་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་དགོས་མཁོའི་བླང་བྱ་གལ་ཆེན་ལག་བསྟར་དངོས་འབེབས་ཀྱིས་སྤུས་ལེགས་གཅིག་དང་མཐོ་བ་གཉིས་ཀྱི་འཐབ་ཇུས་ལག་བསྟར་ལ་ལག་བསྟར་དངོས་འབེབས་གལ་ཆེན་བྱས་ནས། རྒྱལ་ཁབ་སྤྱི་གླིང་དེ་བརྗོད་བྱ་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་མ་ལག་གི་དཔེར་སྟོན་ཞིང་ཆེན་འཛུགས་སྐྲུན་གྱིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བཟོ་སྐྲུན་རྩ་འཛུགས་དངོས་ལག་བསྟར་དངོས་འབེབས་བྱས་ནས། སྐྱེ་ཁམས་ཁོར་ཡུག་གི་འཁུར་འདེགས་རིམ་པ་དང་པོའི་ལྗང་མདོག་ཐོན་ལས་དང་སྤགས་བཅོས་བཅོས་སྐྱོང་གི་དབུལ་སྐྱོར་མཁྲེགས་གཏོར་ལེགས་པོར་སྒྲུབ་ནས། སྐྱེ་ཁམས་རིག་གནས་ཀྱི་དར་སྤེལ་དང་གསོ་སྐྱོང་ལ་སྐུལ་འདེད་བཏང་ནས། སྐྱེ་ཁམས་ཤེས་ཡོན་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད། དཔལ་འབྱོར་དང་ཁོར་ཡུག་སྙོམས་སྒྲིག་གི་འཕེལ་རྒྱས་དང་། མི་དང་རང་བྱུང་འཆམ་མཐུན་མཉམ་གགནས་ཀྱི་ལམ་བུ་གསར་བ་ཞིག་བཟོས་འདུག

ཐེན་ཅིན་ཅན་གྱིས་ནན་གྱིས་བསྟན་དོན། རི་ཆུ་གཉིས་ཀྱི་གཞུང་ལུགས་ཞིབ་འཇུག་དང་ལག་ལེན་གསར་གཏོད་དེ་རྒྱ་ཆེའི་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་བྱ་བ་སྒྲུབ་མཁན་གྱི་དཀའ་སྤྱད་འབད་བརྩོན་དང་ཆེད་མཁས་ཤེས་ལྡན་མི་སྣ་དག་ཟབ་ཞུགས་སྒོས་དུས་རབས་གསར་བའི་མཚོ་སྔོན་གསར་འཛུགས་ཐད་ལ་བྱས་རྗེས་མི་མངོན་པ་ཞིག་བླངས་འདུག

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།