རྒྱལ་ཁབ་ཀྱིས་མཚོ་སྔོན་གྱི་སྐྱེ་ཁམས་གསོ་སྐྱོང་ཐད་ལ་སྒོར་དུང་ཕྱུར4.7གཏོང་རྒྱུ་ཡིན་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར4.7བཏང་ནས། གཙང་གསུམ་ཆུ་འགོ་དང་མདོ་ལ་རིང་མོའི་ས་ཁུལ་གྱི་རྩྭ་ར་བསྙལ་བར་ལྕགས་དྲ་མུའུ་ཁྲི10སྐོར་བ་དང་། མུའུ་ཁྲི20ཡི་རྩྭ་ར་བཅོས་སྐྱོང་བྱེད་པ། མུའུ་ཁྲི280ཡི་རྩྭ་ཁ་ཞན་པའི་རྩྭ་ར་ལེགས་སུ་གཏོང་བ། མུའུ་ཁྲི40ཡི་སར་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པ། ས་ནག་གྲམ་ཐང་མུའུ་ཁྲི88བཅོས་སྐྱོང་སོགས་ལ་རྒྱབ་སྐྱོར་བྱེད་པའི་ཐད་སྤྱོད་རྒྱུ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟི་ལིང་དགོང་དྲོའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། སྐྱས་སྤོས་རྩྭ་གསོའི་འདུ་འགོད་ནི་ན་ཁའི་ཐོན་སྐྱེད་ནུས་ཤུགས་སླར་གསོ་དང་། ན་ཁའི་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་བ། འབྲོག་པའི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ། ན་ཁའི་འབྲོག་ལས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འཐབ་ཇུས་དང་བྱེད་ཐབས་གལ་ཆེན་ཞིག་རེད། མཚོ་སྔོན་ཞིང་ཆེན་གྱིས་སྔར་ནས་བཟུང་མཐོང་ཆེན་པོ་བྱས་ནས་རྒྱལ་ཁབ་ཀྱིས་འདུ་འགོད་འདིར་རྒྱབ་སྐྱོར་བྱེད་རྒྱུར་བརྩོན་ལེན་བྱས་ཡོད། ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ནགས་ལས་རྩྭ་ཐང་ཅུས་ཀྱིས2019ལོའི་སྐྱས་སྤོས་རྩྭ་གསོའི་འདུ་འགོད་ལ་མ་དངུལ་སྒོར་དུང་ཕྱུར4.736གཏོང་རྒྱུའི་བཀོད་སྒྲིག་བྱས་ཏེ། མཚོ་སྔོན་གྱི་གཙང་གསུམ་ཆུ་འགོ་དང་མདོ་ལ་རིང་མོའི་ས་ཁུལ་གྱི་སྐྱས་སྤོས་རྩྭ་གསོའི་འདུ་འགོད་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱེད་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར4.7བཏང་ནས། གཙང་གསུམ་ཆུ་འགོ་དང་མདོ་ལ་རིང་མོའི་ས་ཁུལ་གྱི་རྩྭ་ར་བསྙལ་བར་ལྕགས་དྲ་མུའུ་ཁྲི10སྐོར་བ་དང་། མུའུ་ཁྲི20ཡི་རྩྭ་ར་བཅོས་སྐྱོང་བྱེད་པ། མུའུ་ཁྲི280ཡི་རྩྭ་ཁ་ཞན་པའི་རྩྭ་ར་ལེགས་སུ་གཏོང་བ། མུའུ་ཁྲི40ཡི་སར་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པ། ས་ནག་གྲམ་ཐང་མུའུ་ཁྲི88བཅོས་སྐྱོང་སོགས་ལ་རྒྱབ་སྐྱོར་བྱེད་པའི་ཐད་སྤྱོད་རྒྱུ་རེད། འདུ་འགོད་ལག་ལེན་བསྟར་རྗེས་ཞིང་འབྲོག་པའི་འབྲོག་ལས་ཐོན་སྐྱེད་བྱེད་སྟངས་ལ་འགྱུར་ལྡོག་འགྲོ་བ་མ་ཟད། རྩྭ་ཐང་སྣོད་བཅུད་ཁོར་ཡུག་ཉམས་ཞན་དུ་འགྲོ་བའི་འཕེལ་ཕྱོགས་བཀག་འགོག་ཐུབ་པ་དང་། རྩྭ་ཐང་སྣོད་བཅུད་ཁོར་ཡུག་དང་རྩྭ་ཐང་འབྲོག་ལས་གྱི་གཞི་རྩའི་ཐོན་སྐྱེད་ཆ་རྐྱེན་ལེགས་སུ་འགྲོ་བ། རྩྭ་ཐང་གཞན་འགྱུར་དང་བྱེ་ས་ཅན་གྱི་རྩྭ་ཐང་སླར་གསོར་ཕན་ཐོགས་པ། རྩྭ་ཐང་དུ་སྔོ་ཁེབས་ཁྱབ་ཚད་མང་དུ་འགྲོ་བ། རྩྭ་ཐང་གི་ཐོན་ཁུངས་ཡུན་རིང་བེད་སྤྱོད་བཅས་བྱེད་ཐུབ།