མཚོ་བསྐོར་ལྕགས་རྟའི་འགྲན་རྒྱུག་འགྲིམ་འགྲུལ་བཀག་སྡོམ་བརྡ་ཁྱབ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། སྐབས་བཅོ་བརྒྱད་པའི་མཚོ་སྔོན་པོ་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟའི་འགྲན་རྒྱུག་དེ་མཚོ་ལྷོ་ཁུལ་གྱི་མངའ་ཁོངས་སུ་བདེ་བླག་ངང་སྤེལ་ཐུབ་པར་ཁག་ཐེག་བྱ་ཆེད། 《གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་སུམ་ཅུ་སོ་དགུ་པའི་གཏན་འབེབས་ལྟར། མཚོ་ལྷོ་ཁུལ་མངའ་ཁོངས་ཀྱི་འགྲན་རྒྱུག་ལམ་ཚིགས་ལ་འགྲིམ་འགྲུལ་བཀག་སྡོམ་བྱེད་པའི་སྐོར་གྱི་དོན་ཚན་གཤམ་གསལ་ལྟར་བརྡ་ཁྱབ་བཏང་བ་སྟེ།

དང་པོ། འགྲིམ་འགྲུལ་བཀག་སྡོམ་གྱི་དུས་ཚོད་དང་ལམ་ཚིགས།

གཅིག འགྲན་ཚིགས་གསུམ་པ། མདོ་པ་ནས་ཁྲི་ཀའི་བར།

བཀག་སྡོམ་དུས་ཚོད། ༢༠༡༩ལོའི་ཟླ༧པའི་ཚེས༡༦ཉིན། (གཟའ་མིག་དམར) ༨:༠༠—འགྲན་བསྡུར་མཇུག་སྒྲིལ་བར།

བཀག་སྡོམ་ལམ་ཚིགས། X༡༥༨ མདོ་པའི་སྦྱོང་བརྡར་རྟེན་གཞིའི་ལྷོ་སྒོ།—མདོ་པའི་སྲང་ལྷོ་མ།—G༡༠༩—ཞི་ཁྲོན་ལྷོ་ལམ།—ཁུ་ནུའི་ནུབ་ལམ།—རེབ་གོང་གི་ལམ་ནས་གཡས་སུ་བསྐྱོག་སྟེ་ཞི་ཐཱའི་མྱུར་བགྲོད་ལམ་དུ་ཞུགས།—S༡༠༡(ཧྲང་ཞིན་ཀྲོང་།—དགོ་མང་ལའི་ལུང་མདོ།—སྐྱ་ལོག—ཚེ་མགུ།—ཀ་རིང་།—ཨ་སྐུང་།)—རྨ་ཆུ་ཟམ་ཆེན།—རྨ་ཤར་བཞི་མདོ—ཅང་སུའུ་ལམ་ཆེན—རྨ་སྲིབ་སློབ་ཆུང—བཞི་མདོ་ལམ་ཁ—མགྲོན་བསུ་ནུབ་ལམ—མགྲོན་བསུ་ཤར་ལམ—ཙོང་སུ་ལམ—ལིན་དབྱིན་ལམ—ཁྲི་ཀ་རྫོང་མགྲོན་བསུ་ནུབ་ལམ་གྱི་ཧུང་ཐུའུ་འགྲོན་ཁང་གི་སྒོ་ཁའི་བར།

གཉིས། འགྲན་ཚིགས་བཞི་བ། ཁྲི་ཀ་ནས་ཚ་རྔ་འགག་བར།

བཀག་སྡོམ་དུས་ཚོད། ༢༠༡༩ལོའི་ཟླ༧པའི་ཚེས༡༧ཉིན། (གཟའ་ལྷག་པ) ༨:༠༠—འགྲན་བསྡུར་མཇུག་སྒྲིལ་བར།

བཀག་སྡོམ་ལམ་ཚིགས། ཁྲི་ཀའི་མགྲོན་བསུ་ནུབ་ལམ་གྱི་སྲིད་གཞུང་གི་སྒོ་ཁ།—མགྲོན་བསུ་ཤར་ལམ—མགྲོན་བསུ་ནུབ་ལམ—ཙོང་པ་ལམ——ཧོར་རྒྱལ་ནས་ལྷ་ཁང་ཐང་བར་གྱི་གཞུང་ལམ(རྨ་ཆུ་ཟམ་ཆེན་ནས་ལྷ་ཁང་ཐང་བར)ལྷ་ཁང་ཐང་ནས་ཆུ་ནག་སྦལ་ཁ་བར་གྱི་གཞུང་ལམ—ཆུ་ནག་སྦལ་ཁ་ནས་ཚ་རྔ་འགག་བར་གྱི་གཞུང་ལམ—ཚ་རྔ་འགག་གྲོང་རྡལ།

གསུམ། འགྲན་ཚིགས་ལྔ་པ། གསེར་ཆེན་རྫོང་ནས་ཚྭ་ཁའི་བར།

བཀག་སྡོམ་དུས་ཚོད། ༢༠༡༩ལོའི་ཟླ༧པའི་ཚེས༡༨ཉིན། (གཟའ་ཕུར་བུ) ༨:༠༠—འགྲན་བསྡུར་མཇུག་སྒྲིལ་བར།

བཀག་སྡོམ་ལམ་ཚིགས། སྤྱོད་མཐུན་ལམ་ཆེན—འཆམ་མཐུན་ལམ—མཚོ་སྔོན་པོའི་ལྷོ་(བྱང)་ལམ་ཆེན—མཁར་བསྐོར་ནུབ་ལམ་ཚུ་ཧན་སོ་མཚམས—རྨ་ཆུ་ལྷོ་(བྱང)་ལམ་ཆེན—སྲིད་དར་ལམ་ཆེན—བྱམས་ལྡན་ལམ—སྐལ་བཟང་ལམ་ཆེན—རྒྱལ་ལམ་༡༠༩གསར་ལམ་གྲོང་ཁུལ་མཚམས—ཆབ་ཆ་ནས་ཅང་སུ་བར་གྱི་གཞུང་ལམ—གུང་ཧོ་ནས་ཚྭ་ཁ་བར་གྱི་མྱུར་ལམ།

བཞི། འགྲན་ཚིགས་དྲུག་པ། ཚྭ་ཁ་ནས་འདབ་ཆགས་གླིང་ཕྲན་བར།

བཀག་སྡོམ་དུས་ཚོད། ༢༠༡༩ལོའི་ཟླ༧པའི་ཚེས༡༩ཉིན(གཟའ་པ་སངས)༩:༠༠—འགྲན་བསྡུར་མཇུག་སྒྲིལ་བར།

བཀག་སྡོམ་ལམ་ཚིགས། ཚྭ་ཁ—ཆུ་ཆེན་ཟམ་ཁ—རྟ་ནག་མ—མཚོ་བསྐོར་ནུབ་ལམ—བུ་ཧུ་ཆུ་ཟམ་ཆེན་མོ།

གཉིས་པ། འགྲིམ་འགྲུལ་བཀག་སྡོམ་གྱི་ནང་དོན་དང་བླངས་བྱ།

གཅིག འགྲིམ་འགྲུལ་བཀག་སྡོམ་གྱི་སྐབས་སུ་རླངས་འཁོར་རིགས་གང་ཡིན་ཡང(འཕྲུལ་རྟ་དང་། གློག་སྒུལ་འཕྲུལ་འཁོར། ལྕགས་རྟ། ཕྱུགས་ཟོག་གི་འདྲུད་འཁོར། དབང་བོ་སྐྱོན་ཅན་གྱི་ཆེད་སྤྱོད་འཕྲུལ་འཁོར་སོགས་འདུས།)བཀག་སྡོམ་དུས་ཡུན་ནང་དང་བཀག་སྡོམ་ལམ་ཚིགས་སུ་བགྲོད་མི་ཆོག་ལ། དེར་བསྡད་ཀྱང་མི་ཆོག

གཉིས། འགྲིམ་འགྲུལ་བཀག་སྡོམ་གྱི་དུས་ཡུན་ནང་། ལས་ཁུངས་དང་ཡང་ན་མི་སྒེར་གང་ཡིན་རུང་རྒྱུག་ལམ་དུ་འགྲན་རྒྱུག་དང་འབྲེལ་བ་མེད་པའི་ལས་ཅི་ཡང་བསྒྲུབ་མི་ཆོག

གསུམ། འགྲིམ་འགྲུལ་བཀག་སྡོམ་གྱི་དུས་ཡུན་ནང་། གཞུང་ལམ་གྱི(རྒྱུག་ལམ)གཡས་གཡོན་དུ་ཕྱུགས་ཟོག་འཚོ་མི་ཆོག

བཞི། འགྲིམ་འགྲུལ་བཀག་སྡོམ་གྱི་དུས་ཡུན་ནང་། སྤྱི་དམངས་ཀྱིས་སྤྱི་བདེ་ལས་ཁུངས་ལ་རམ་འདེགས་བྱས་ནས་འགྲིམ་འགྲུལ་བཀག་སྡོམ་གྱི་ལས་ཀ་ལེགས་པོར་བསྒྲུབ་པའི་འོས་འགན་ཡོད་པར་མ་ཟད། རང་རྟོགས་སྒོས་འགྲིམ་འགྲུལ་བཀག་སྡོམ་གྱི་གཏན་འབེབས་བརྩི་སྲུང་བྱ་དགོས།

གོང་དུ་བཀོད་པའི་བཀག་སྡོམ་གྱི་གཏན་འབེབས་དང་འགལ་ན། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་ཡིན།

ཆེད་དུ་བརྡ་ཁྱབ་འདི་བཏང་བའོ། །

༢༠༡༩ལོའི་ཟླ༧པའི་ཚེས༣ཉིན།