ཡན་ཅན་ཧེ་ཡིས་དབུལ་ནག་གི་མིང “གཏན་མེད”བཟོ་བའི་སྐུལ་སློང་བཀོད་སྒྲིག་གི་བརྙན་འཕྲིན་ཁ་པར་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས2ཉིན།  ཞིང་ཆེན་ཡོངས་ཀྱི་དབུལ་ནག་གི་མིང“གཏན་མེད་བཟོ་བར་སྐུལ་སློང་བཀོད་སྒྲིག་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧའེ་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་གནང་བ་རེད། 

ཡན་ཅིན་ཧའེ་ཡིས་དབུལ་ནག་གི“གཏན་མེད”བཟོ་བའི་ལས་སྒོ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་དང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ལོ་མཇུག་ཏུ“གཏན་མེད”གྱི་དམིགས་ཚད་ལ་དམ་པོར་དམིགས་པ། བརྗོད་བྱ་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་གྱིས་དག་ཐེར་ལ་དམ་འཛིན་བྱེད་པ། ཆུ་ཚད་མཐོར་གཏོང་དང་དོ་དམ་ནན་པོ་བྱེད་པ། ཞན་ཆ་དང་དྲག་ཞན་དོར་ནས་མཁར་རྫོང་ལ་གཅིག་སྡུད་ཐོག་རྒོལ་བ། “གཏན་མེད”ལས་དོན་དངོས་སྒྲུབ་དང་། “གཏན་མེད”བརྒྱུད་རིམ་ནན་པོ། “གཏན་མེད”གྱི་འབྲས་བུ་ངོ་མ་བཅས་ཡོང་བའི་འགན་ལེན་བྱེད་དགོས་ཞེས་བསྟན་པ་རེད། 

ཡན་ཅིན་ཧའེ་ཡིས་ནན་གྱིས་བསྟན་དོན། དོན་འཁྱོལ་ནི་ནུས་པའི་ཆུ་ཚད་ཀྱི་མཚོན་ཚུལ་ཞིག་རེད། ས་གནས་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་ནས་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས། ལས་ཀའི་ཆེད་དོན་འཛིན་གྲྭ་བཙུགས་ནས་མཐའ་མའི་ཐག་གཅོད་དམག་འཐབ་ཀྱི་བཀོད་འདོམས་པུའུ་བཙུགས་ཏེ།སྐུལ་འདེད་གཏོང་བ་དང་ཕན་འབྲས་མཐོ་བའི་སྒོ་ནས་དོན་འཁྱོལ་བྱེད་པའི་རྣམ་པ་ཞིག་ཆགས་པ་བྱེད་དགོས། ལས་དོན་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་ནས་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་ཟླ་རེར་དུས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་དུས་ཐོག་ཏུ་བྱ་དགོས། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཟླ་རེའི་བཀོད་གཏོང་ལམ་ལུགས་བཙུགས་ནས་འཕེལ་རིམ་ཤེས་རྟོགས་དང་གནས་ཚུལ་ཤེས་རྟོགས་བྱས་ཏེ། དཀའ་གནད་སེལ་བ་དང་ལས་དོན་ལ་སྐུལ་འདེད་གཏོང་དགོས། དཔྱད་ཞིབ་དང་དཔྱད་དཔོག་ནན་པོ་བྱེད་པ་དང་། ཀྲུང་དབྱང་གི་ཁས་ལེན་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་པའི་ཕན་འབྲས་ལ་བརྟེན་ནས་སྲག་བཅད་རྡར་བའི་གསེར་གྱི་གྲུབ་འབྲས་དངོས་ལ་བརྟེན་ནས་དབུལ་ནག་གཏན་མེད་གྱི་ཕན་འབྲས་རྦད་དེ་ཐོན་པར་བྱས་ནས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་དགོས།