མཚོ་སྔོན་གྱི་མི་རིགས་ཞབས་བྲོའི་ཟློས་གར《ཐང་ག》ཞེས་པ་ཤང་ཀང་དུ་འཁྲབ་སྟོན་བྱས་ཤིང་། མི་དམངས་དང་མཉམ་དུ་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར22ལོན་པར་རྟེན་འབྲེལ་ཞུས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་ཤང་ཀང་གི་ཟླ7ཚེས2ཉིན་གྱི་གློག་འཕྲིན། བོད་རིགས་ཀྱི་དམངས་སྲོལ་ཁྱད་ཆོས་དང་མཛེས་སྡུག་རྣམ་པར་བཀྲ་བའི་གར་སྟེགས་ཀྱི་མཛེས་པ། ངོ་མཚར་སྟོང་གིས་ཕྱུག་གི་ཞབས་བྲོའི་ཟློས་གར་གྱི་སྟངས་སྟབས། མི་སེམས་དབང་མེད་དུ་འགུག་པའི་བརྩེ་དུང་གི་གཏམ་རྒྱུད་བཅས་ཀྱིས་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར22ལོན་པར་རྟེན་འབྲེལ་ཞུ་ཆེད། མཚོ་སྔོན་གྱི་མི་རིགས་ཞབས་བྲོའི་ཟློས་གར《ཐང་ག》ཞེས་པ་དེ་ཚེས2ཉིན་གྱི་དགོང་མོ་ཤང་ཀང་ལུས་རྩལ་ཁང་དུ་འཁྲབ་སྟོན་བྱས་ཤིང་། སྒྱུ་རྩལ་གྱི་འགུག་ཤུགས་དྲག་པོ་དེས་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་པར་རྟེན་འབྲེལ་ཞུས།

མི་རིགས་ཞབས་བྲོའི་ཟློས་གར《ཐང་ག》ཞེས་པ་དེའི་ནང་ཐང་གའི་སྒྱུ་རྩལ་མཁན་གྱིས་རང་གི་མི་ཚེ་གང་བོ་ཐང་ག་བཞེངས་པའི་ཁྲོད་གཏིམས་ཤིང་། དད་འདུན་དང་ལྷག་བསམ་རྣམ་དག་གིས་ཐང་གའི་སྒྱུ་རྩལ་འབྲི་བཞེངས་དེ་རྒྱུན་འཛིན་དང་དར་སྤེལ་བཏང་པའི་གཏམ་རྒྱུད་བརྗོད་ནས། མི་སྣ་གཙོ་བོ་ཕོ་མོ་གཉིས་ཀྱིས་ཐང་གར་བཅངས་པའི་བརྩེ་བ་དང་བོད་ཀྱི་རིག་གནས་ལ་དགའ་ཞེན་ཆེ་བའི་བརྩེ་སེམས་དེ་འབྲི་བཞེངས་བྱས་ཡོད། ཟློས་གར་ཧྲིལ་བོར“སྐྱེ་བ་སྔོན་མ་དང་ཡང་སྐྱེ་བ་ཞིག སྐྱེ་བ་འདི”བཅས་སྐྱེ་བ་གསུམ་གྱི་ཐུན་མིན་གཏམ་རྒྱུད་གྱི་སྒྲིག་གཞི་རྒྱས་བཤད་བྱས་ཏེ། སྐྱེ་བ་གསུམ་གྱི་ཐང་གའི་སློབ་དཔོན་དང་བུ་མོ་མེ་ཏོག་གཉིས་བར་གྱི“སྐྱེ་བ་གསུམ་གྱི་བརྩེ་བ་མི་འགྱུར་བ་དང་འཇིག་རྟེན་གྱི་ལས་འཕྲོ་རྫོགས་མཐའ་མེད་པའིབརྗོད་བྱ་ཞིག་གཞིར་བཟུང་ཡོད།

འཁྲབ་སྟོན་གྱིས་དུས་ཚོད་ཀྱི་འཁོར་སྐྱོད་དང་འགྱུར་མེད་ཀྱི་བརྩེ་དུང་བྱ་གཞག་སྣང་བརྙན་དུ་བཟུང་ནས། སྒྱུ་རྩལ་གྱི་ཐབས་ལམ་ལ་བརྟེན་ནས་བྱེ་བྲག་ཅན་དང་སྒྱུ་རྩལ་གྱི་ནང་དོན་དེ་རིམ་འགྱུར་སྒོས་སྐད་བརྡ་དང་རོལ་དབྱངས། ཞབས་བྲོའི་ཟློས་གར། གར་གྱི་མཛེས་པ་སོགས་གཞི་རྒྱུའི་རོགས་འདེགས་ཀྱིས་ཆེས་བབ་ཆགས་དང་སེམས་འགུལ་ཐེབས་པའི་ནང་སེམས་ཀྱི་མཛེས་སྡུག་ཤིག་གསར་སྐྲུན་བྱས་ཡོད།

མི་རིགས་ཞབས་བྲོའི་ཟློས་གར《ཐང་ག》ཞེས་པ་དེའི་ད་རུང་མཚོ་སྔོན་ས་གནས་ཀྱི་དམངས་སྲོལ་དང་རོལ་དབྱངས། ཞབས་བྲོ། བཟོ་སྐྲུནན། རི་མོ་སོགས་གཞི་རྒྱུ་མང་པོ་མཉམ་བསྲེས་བྱས་ཏེ། སྒྱུ་རྩལ་གྱི་རྣམ་པ་ལ་བརྟེན་ནས་མཚོ་སྔོན་གྱི་ས་གཞི་ལེབ་མོ་འདིའི་སྟེང་གི་ལོ་རྒྱུས་མི་ཆོས་ཀྱི་བརྩེ་སེམས་དང་དེ་མིན་མཚོ་སྔོན་མི་དམངས་ཀྱི་ལྷད་མེད་འཇིག་རྟེན་གང་དེའི་མཐའ་མེད་པའི་འཚོལ་སྙེག་དེ་ལྟད་མོ་བ་དག་གི་མིག་ལམ་དུ་བཤམས་ཡོད་ལ། ཤང་ཀང་མི་དམངས་ཀྱིས་ཐང་ག་ལ་རྒྱུས་ལོན་དང་མཚོ་སྔོན་ངོ་ཤེས་སུ་བཅུག་ཡོད།

ཐང་ག་ཞེས་པའི་མིང་འདིའི་གོ་དོན་ནི་སྐུ་བརྙན་གྱི་འདྲ་རིས་ཡིན་ལ། བོད་བརྒྱུད་ནང་བསྟན་དང་ལྷ་སྒྲུང་གཏམ་རྒྱུད། ལོ་རྒྱུས་སྙན་ངག་སོགས་བརྗོད་བྱ་རུ་བཟུང་སྟེ། གཏེར་རྒྱུའི་ཚོན་རྒྱུ་སྣ་མང་ལ་བརྟེན་ནས་འབྲི་བཞེངས་བྱས་ཤིང་། ཚོན་མདངས་རྣམ་པར་བཀྲ་ལ་དུས་ཡུན་རིང་བོར་ཚོན་མདངས་ལ་ཉམས་པའི་རིན་ཐང་བྲལ་བའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཤུལ་བཞག་ཐོན་རྫས་གལ་ཆེན་ཞིག་ཡིན།

ཐེངས་འདིའི་འཁྲབ་སྟོན་སྟེང་ཤང་ཀང་གི་ལས་རིགས་སོ་སོའི་རྟེན་འབྲེལ་ཞུ་བའི་ཨུ་ཡོན་ལྷན་ཚོགས། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གཉིས་ཀྱིས་ཐུན་མོང་སྒོས་གཙོ་སྒྲུབ་བྱས་ཤིང་། ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར22ལོན་པའི་རིམ་བསྟར་བྱ་འགུལ་ཁྲོད་ཀྱི་གཅིག་ཡང་ཡིན། ཤང་ཀང་གི་གྲོང་ཁྱེར་མི་དམངས་ལ་མཚོ་སྔོན་གྱི་ངོ་མཚར་ཆེ་ལ་རྒྱུན་རིང་བོའི་ལོ་རྒྱུས་དང་ཚོན་མདངས་རྣམ་པར་བཀྲ་ཞིང་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་དེ་འགྲེམས་སྟོན་བྱས་པ་ཡང་ཡིན། རྟེན་འབྲེལ་ཨུ་ཡོན་ལྷན་ཚོགས་ཀྱིས་ཉེ་ལམ་ད་རུང་མཚོ་སྔོན་ཐང་གའི་སྒྱུ་རྩལ་གྱི་བརྩམས་ཆོས་འགྲེམས་སྟོན་གྱི་བྱ་འགུལ་ཡང་སྤེལ་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།