རང་ཞིང་གི་བོད་སྨན་མི་འདྲ་བ7རྒྱལ་ཁབ་ཀྱི་རང་བྱུང་ཐོན་དངོས་ཚད་ལྡན་གྱི་མ་དཔེའི་ཁྲོད་བཞག་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཟླ7ཚེས1ཉིན། ནུབ་མཚོའི་གྲོང་ཁྱེར་ཚགས་པར་གྱི་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོའི་ཚན་རྩལ་གླིང་གི་ནུབ་བྱང་མཐོ་སྒང་གི་སྐྱེ་དངོས་ཞིབ་འཇུག་སའོ་ཡིས་ཞིབ་འཇུག་གསར་བཟོ་བྱས་པའི་བོད་སྨན་རིགས་མི་འདྲ་བ6ལ་རྒྱལ་ཁབ་ཀྱི་རང་བྱུང་ཐོན་དངོས་ཚད་ལྡན་གྱི་མ་དཔེ་དཔྱད་འཇོག་ཞིབ་བཤེར་བྱེད་བཞིན་ཡོད་ལ། དུས་ད་ལྟའི་བར་རང་ཞིང་གིས་ཞིབ་འཇུག་གསར་བཟོ་བྱས་པའི་བོད་སྨན་རིགས་མི་འདྲ་བ7རྒྱལ་ཁབ་རང་བྱུང་ཐོན་དངོས་ཚད་ལྡན་གྱི་མ་དཔེ་ཁྲོད་དུ་འཇོག་པ་ལེགས་འགྲུབ་བྱུང་ཡོད།

2015ལོར་རང་ཞིང་གིས་ཞིབ་འཇུག་གསར་བཟོ་བྱས་པའི “ཏིག་ཏ”ཚད་ལྡན་ཐོན་རྫས་དེ་རྒྱལ་ཁབ་གྱི་ཚད་ལྡན་མ་དཔེ་ལག་རྩལ་ཨུ་ལྷན་གྱི་རང་བྱུང་ཐོན་དངོས་ཚད་ལྡན་མ་དཔེ་ཡི་ཆེད་ལས་བྱ་བའའི་ཚོ་ཆུང་གི་དཔྱད་འཇོག་ཞིབ་སྡུར་ཁྲོད་བདེ་བླག་ངང་བཞག་སྟེ། རང་ཞིང་གིས་ཞིབ་འཇུག་གསར་བཟོ་བྱས་པའི་རྒྱལ་ཁབ་ཀྱི་རང་བྱུང་ཐོན་དངོས་ཚད་ལྡན་ཐོན་རྫས་ཁྲོད་ཀྱི་བོད་སྨན་ཐོག་མ་རུ་གྱུར་བ་དང་རང་ཞིང་གི་བོད་སྨན་རྒྱུ་ཆའི་ཚད་ལྡན་ཅན་གྱི་ཞིབ་འཇུག་ཁྱབ་ཁོངས་ཁྲོད་ཀྱི་ཐོལ་བརྒལ་གསར་བ་ཞིག་ཀྱང་ཡིན་ངེས། ལོ་ངོ་བཞིའི་རིང་ལ་རང་ཞིང་གིས་ཞིབ་འཇུག་གསར་བཟོ་བྱས་པའི་ཨ་རུ་ར་དང་སྐྱུར་ལྡན་ལེབ་མོ་སོགས་བོད་སྨན་རིགས་མི་འདྲ་བ6ལ་ཡང་བསྐྱར་དཔྱད་འཇོག་ཞིབ་བཤེར་ཐོབ་ཡོད། རྣམ་པ་གསར་བའི་རིགས་མི་འདྲ་བ6པོ་འདི་རྒྱལ་ཁབ་གྱི་རང་བྱུང་ཐོན་དངོས་ཚད་ལྡན་མ་དཔེ་ཁྲོད་ཞིབ་འཇུག་གསར་བཟོ་ལེགས་འགྲུབ་བྱུང་བ་དེས་ཚད་ངེས་ཅན་གྱི་སྒོ་ནས་ཨ་རུ་དང་ཨ་རུ་ར། ཨུཏྤལ། རྒྱ་ཏིག་སོགས་བོད་སྨན་རྒྱུ་ཆ་དང་འབྲེལ་ཡོད་སྨན་རྫས་ཀྱི་ཚད་གཞིའི་རིམ་འཕར་བྱ་བར་སྐུལ་འདེད་ངེས་ཅན་ཞིག་བྱས་ཡོད། བོད་སྨན་ཚད་ལྡན་ཅན་ཏུ་གཏོང་བའི་བརྒྱུད་རིམ་ཁྲོད་རྫས་འགྱུར་ཐོན་རྫས་ཐད་ཀྱི་ལག་རྩལ་ཞན་ཆའི་གནད་དོན་ཐད་ཀྱི་བྱེ་བྲག་གི་དཔེ་སྟོན་དོན་སྙིང་དང་བབ་བསྟུན་མདུན་ལྗོངས་དེ་ཐག་གཅོད་ལེགས་པོ་བྱས་ཡོད།

ལོ་འདི་དག་གི་རིང་ལ་རང་ཞིང་གིས་ཀྲུང་བོད་ལུགས་གསོ་རིག་སྨན་རྫས་ཁྲོད་ཚན་རྩལ་གསར་གཏོད་བྱ་བར་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། མདོ་དབུས་མཐོ་སྒང་གི་ཁྱད་ལྡན་སྐྱེ་དངོས་ཀྱི་ཐོན་ཁུངས་བཟོ་སྐྲུན་ཞིབ་འཇུག་ལྟེ་གནས། བོད་སྨན་ཚད་ལྡན་ཅན་དང་སྨན་རྫས་གསར་བའི་ཞིབ་འཇུག་གསར་སྤེལ་སྟེགས་བུ་སོགས་ཀྱི་ཚན་རྩལ་ཞིབ་འཇུག་ཚོགས་པ་གཞིར་བཟུང་སྟེ། མདོ་དབུས་མཐོ་སྒང་དང་འབྲེལ་བའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་ཅན་དང་སྐྱེ་ཁམས་ཁོར་ཡུག་ལ་རྐང་བཙུགས་ནས། བོད་སྨན་རྫས་འགྱུར་གྱི་སྡེབ་སྦྱོར་སོགས་ཀྱི་ཐད་ལ་ལག་རྩལ་གྱི་རྒྱབ་རྟེན་མཁོ་སྤྲོད་བྱས་ཡོད། དེ་ལྟར་རྩ་བའི་ཆ་ནས་བོད་སྨན་སྡེབ་སྟངས་ཀྱི་ཞན་ཆའི་གནད་དོན་དེ་ཐག་གཅོད་བྱས་ཤིང་། བོད་སྨན་རྒྱུ་ཆའི་སྤུས་ཚད་ཀྱི་ཚད་གཞི་གསར་འཛུགས་དང་རིམ་འཕར་བྱ་བའི་ཁྲོད་བོད་སྨན་སྤུས་ཚད་ཚད་ལྡན་ཅན་གྱི་ཚོད་འཛིན་མ་ལག་གསར་འཛུགས་ལ་སྐུལ་འདེད་བྱས་ཏེ། བོད་སྨན་གསར་སྤེལ་ཐེངས་གཉིས་པའི་རིམ་འགྱུར་དང་བོད་སྨན་གསར་བཟོའི་གསར་གཏོད་ཞིབ་འཇུག་བྱ་བ་དེས་མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་ཐོན་ལས་འཕེལ་རྒྱས་དེ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་ལག་རྩལ་གྱི་རྒྱབ་སྐྱོར་བྱས་ཤིང་། རྩ་བའི་ཆ་ནས་མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་ཚད་ལྡན་ཅན་གྱི་ཞིབ་འཇུག་ཆུ་ཚད་དེ་མཐོར་འདེགས་སུ་བཏང་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།